[A:༢༧༤]མཛད། ཡུལ་དེར་སྔགས་འཆང་ཆེན་པོས་བྱིན་གྱིས་བརླབས་པའི་མགོན་ཁང་སོགས་མཇལ། སྔགས་འཆང་བཞུགས་ཁྲིར་དར་ཆེན་ཕྱར།
དེ་ནས་བོད་ཕྱོགས་སུ་ཆིབས་བསྒྱུར། ཆུ་མདོའི་རབ་བརྒལ། གཡུལ་གསུམ་དུ་བཞུགས། སླར་སྤ་གྲོ་ཆོོས་སྡིང་དུ་ཕེབས། འབྲུག་བླ་རབ་འབྱམས་པས་འབུལ་ཆེན་ཕུལ་ཏེ་སྐྱེལ་ཐུང་ཞུས། ཉ་སྤེ་དཔོན་པོ་རྣམས་ཀྱིས་ཞབས་ཏོག་དང་དོས་སྐྱེལ་སོགས་ཞབས་འདེགས་རྒྱ་ཆེར་བསྒྲུབས། སྤ་གྲོ་སྟག་ཚང་དུ་བཞུགས་ཞག་གནང་སྨོན་ལམ་ཞིབ་རྒྱས་མཛད། སྤེ་ཤིང་སྐུ་སྐྱེ་དང་ཡོན་བདག་དམངས་མས་དད་གུས་འབྲལ་མི་ཕོད་པ་ཙམ་ཞུས། འོ་དོད་འཕྲང་གི་བདུད་མོ་ཤིན་ཏུ་གདུག་རྩུབ་ཆེ་བས་འགྲུལ་པ་རྣམས་ཀྱི་དམར་མཆོད་རྒྱས་པ་སོགས་དགོས་ཀྱང་རྗེ་ཉིད་ནས་གཞི་བདག་གཏོར་མ་གནང་བས་ཚིམ་ཞིང་གུས་འདུད་ཕུལ། དེ་སྐབས་གཟིགས་སྣང་ལ་སངས་རྒྱས་བྱང་སེམས་འགའ་ཞིག་དང་། ཁྱད་པར་ཨོ་རྒྱན་རིན་པོ་ཆེ་མཁན་པོ་དང་། སྔགས་འཆང་ཆོས་ཀྱི་རྒྱལ་པོ་སྐུ་ཆས་དཀར་རྐྱང་ལ་དབུ་སྐྲ་དཀར་སངས། གཡས་ཐུགས་ཀར་རྡོ་རྗེ་རྩེ་ལྔ་དང་། གཡོན་ཐོད་པ་བདུད་རྩིས་གང་བ་བསྣམས་པའི་གཡས་ཕྱོགས་ན་འཇམ་དབྱངས་བསོད་ནམས་དབང་པོ་བཅས་གསལ་པོ་དང་། ཡབ་ཡུམ་གཉིས་ཀྱང་ལམ་པ་ཞིག་