[A:༢༧༧]ཆེན་པོ་བབས། བསྟན་པ་སྤྱི་སྒེར་ལ་དམིགས་པའི་ཕུར་བཟློག་གནང་། རབ་གནས་ཞལ་གསོའི་ཉིན་དགེ་མཚན་ཕུན་སུམ་ཚོགས་པ་བྱུང་། འཇམ་དཔལ་གླིང་དང་བྱམས་པ་གླིང་དུ་ཞི་རྒྱས་ཀྱིས་སྦྱིན་སྲེག་གནང་། བར་ཁང་གཡུ་ཞལ་དུ་ཞལ་གསོའི་ཆོ་ག་མཛད་ཚེ་ཆར་རྒྱུན་ཆེན་པོ་བབས་པར་བཀའ་བསྒོ་གནང་བས་ཕྲལ་དུ་དངས་ཤིང་འཇའ་གུར་ལྟ་བས་ཆོག་མི་ཤེས་པ་བྱུང་། ཆོས་སྐྱོང་གི་ལུང་བསྟན་ལྟར་ལྷ་མོའི་འཆམ་སྐུ་དང་། པདྨས་རབ་གནས་མཛད་པའི་སྡིག་ཁྲབ་དང་དབུ་རྨོག་ལ་ཞིག་གསོས་དང་། སྐར་ཆུང་ལྷ་ཁང་ལ་བྱེ་ཆུའི་འཇིགས་པ་སྲུང་བའི་ལས་ཐབས་དང་། གཙུག་ལག་ཁང་གླིང་དང་གླིང་ཕྲན་མཐའ་དག་ལ་མཆོད་སྤྲིན་དང་བསྟན་པ་གསོ་ཆོག་ཞིབ་པར་མཛད། ཕྱི་བསྐོར་མཛད་ཚེ་ངོ་མཚར་བའི་ལྟས་བྱུང་། སྐལ་ལྡན་རྣམས་ལ་ཆོས་སྦྱིན་ཡང་རྒྱ་ཆེར་སྩལ།
སླར་དཔལ་རབ་ཏུ་ཆིབས་བཏེག་ཚེ། ཡུལ་ལྷ་གཞི་བདག་ཕྲེང་བས་རླུང་འཚུབ་སོགས་བྱུང་བར། གྲུན་ཁར་ཕེབས་པ་དང་གཞི་བདག་གཏོར་མ་གནང་བས་ནམ་མཁའ་དངས་པ་དང་། འཇའ་འོད་འཁྲིགས་པ་བྱུང་། བྱེ་མ་རྫིང་པས་སྤྱན་དྲངས་པར་ལྷ་ཁང་ལ་རབ་གནས་གནང་། འབུལ་བ་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱུང་། བྱམས་གླིང་དུ་ཕེབས་ནས་རེ་ཞིག་བཞུགས་