[A:༢༧༨]ཏེ་བསྟན་པ་གསོ་ཆོག་དང་མཆོད་སྤྲིན་སྤྲོ་བར་མཛད། གྲ་ཐང་གཙུག་ལག་ཁང་དུ་རྡོ་རྗེ་བདུད་འདུལ་ལ་བསྐང་གསོ་དང་བསྟན་པ་གསོ་ཆོག་མཛད། ཕྱི་ཉིན་དཔལ་རབ་ཏུ་ཕེབས། གསར་བཞེངས་གཙུག་ལག་ཁང་ལ་རི་མོ་བ་ངག་དབང་རིན་ཆེན་གྱིས་ལོགས་བྲིས་མགོ་བརྩམས་ནས་བཟོ་རིས་མཁས་པ་བཅུ་ཕྲག་གིས་ཟླ་བ་ལྔ་ཙམ་གྱི་ཁོངས་སུ་ལེགས་པར་གྲུབ་སྟེ། ཧོར་ཟླ་དགུ་པའི་བཅུ་བཞི་ས་མཆོད་ཉིན་མོ་དགྱེས་རྡོར་རབ་གནས་ཉིན་གསུམ་མ་མཛད། མཐའི་རྒྱལ་པོ་མཆོག་ཐུས་བསམ་ཡས་གཙུག་ལག་ཏུ་གསེར་དངུལ་གྱི་མཎྜལ་ཕུལ་བའི་རབ་གནས་དང་ཤིས་བརྗོད་གནང་འབུལ་བ་བསམ་གྱིས་མི་ཁྱབ་པ་བྱུང་། ཆོས་སྐྱོང་ཆེན་པོའི་སྐུ་རྟེན་ཚེ་འཕོས་པར་སླར་གང་འོས་ལྷ་སྡེ་མི་སྡེ་ཀུན་གྱིས་གསོལ་བ་བཏབ་པ་བཞིན་འདི་འོས་བསྩལ།
འདི་སྐབས་སྔ་པྱིར་གདན་ས་གོང་ནས་གདན་འདྲེན་ཞུས་པ་བཞིན་གཙང་ཕྱོགས་སུ་ཆིབ་བཏེག ལམ་བར་དུ་ཆོས་སྦྱིན་རྒྱ་ཆེར་སྩལ་ཞིང་ལྷ་མིའི་བསུ་བ་དང་བཅས་གདན་སར་ཕེབས། སྐུ་མཆེད་ཞལ་འཛོམས་ཐུགས་སྤྲོ་ཚད་མེད་དང་། མགོན་ཁང་རྣམས་སུ་བསྐང་གསོ་རྒྱས་པར་གནང་། བཞུགས་གནས་བདེ་མཆོག་ཏུ་མཛད་དེ་སྐབས་འཇམ་མགོན་ཨ་མེས་ཞབས་ནས་དཀོན་མཆོག་མཆོད་པ་དང་དམངས་ལ་སྦྱིན་པའི་ཕྱག་རིང་ནམ་མཁའི་