R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༧༩
[A:༢༧༩]མཛོད་སྒོ་ཕྱེ་བའི་སྐབས་རྗེ་དེ་ཉིད་མཆོད་ཡུལ་གྱི་གཙོ་བོར་གདན་འདྲེན་ཞུ་བར་མཛད། རབ་རྒྱས་ཕྲིན་ལས་གླིང་པས་སྔགས་ཀྱི་ཕྱག་ལེན་མཐའ་དག་ཞུས་པ་གནང་སྐབས་ངོ་མཚར་བའི་ལྟས་བྱུང་། སྐྱེད་ལྷས་སུ་གཏོར་འབུལ་འཕྲིན་བཅོལ་རྒྱས་པ་དང་། བྱས་འགྱུར་དང་ཁྲུ་མ་ལྷ་ཁང་དུའང་མཆོད་འབུལ་སྨོན་ལམ་རྒྱ་ཆེར་སྩལ་ནས་བདེ་མཆོག་ཏུ་ཕེབས། སྔགས་འཆང་ཆོས་ཀྱི་རྒྱལ་པོའི་དུས་མཆོད་ཕུར་སྒྲུབ་འཆམ་སོགས་རྒྱས་པར་སྐུ་མཆེད་ལྷན་ཅིག་སྤྲོ་བར་མཛད། འདྲེན་མཆོག་ཀུན་དགའ་དོན་གྲུབ་ལས་ཆོས་བཀའ་རྒྱ་ཆེར་གསན། དུས་ཚེས་དགེ་བར་མགོན་ཁང་ཉེ་འགྱངས་རྣམས་སུ་བསྐང་གསོ་སྙན་ཤལ་སོགས་ཕུལ་ནས་སླར་ཡང་དབུས་ཕྱོགས་ལ་ཆིབས་བཏེག ཆོས་རྫོང་དུ་འཇམ་མགོན་བསོད་ནམས་དབང་པོའི་གཟིམ་ཆུང་མགོན་ཁང་བཅས་ལ་ཕྱག་མཆོད་སྨོན་ལམ་གནང་། དར་ལུང་གཉེན་གྱི་ཕོ་བྲང་དུ་སྡེ་སྲིད་ཀྱི་སྐུ་རིམ་ཕུར་བཟློག དགེ་སྡིང་དུ་ཕེབས། དབེན་གནས་ཏི་རི་མཇལ། རབ་རྒྱས་ཕྲིན་གླིང་པས་བསྙེན་བཀུར་ཞུས། སྣར་ཐང་བྱམས་པ་ལ་སྙན་ཤལ་ཕུལ། བསྟན་པ་གསོ་བའི་ཆོ་ག་དང་ཤིས་བརྗོད་མཛད། དོང་རྩེའི་ས་རུ་སྡེ་སྲིད་ཆིབས་བསུར་འབྱོར་བ་དང་ཡོན་མཆོད་ལྷན་ཅིག་ཕེབས། གཙུག་ལག་ཁང་དང་དགོན་གནས་གསར་པ་ལ་མེ་ཏོག་དོར། འདྲེན་