R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༨
[A:༢༨]བྱེ་བ་ནི། ངག་ལམ་ནས་སྤེལ་མཁས་དབང་ཀུན་དགའ་བ། སྙན་གྲགས་པས་ཁྱབ་ལ་སོགས་འབྱོན་འགྱུར་གྱི། གདུང་རབས་སྲིད་མཐའི་བར་དུ་འབྱུང་གྱུར་ཅིག། དེ་ལྟར་དུས་གསུམ་ངོ་མཚར་གཏམ་གྱི་གཞི། གངས་ཁྲོད་རྡོ་རྗེའི་གདན་མཆོག་དཔལ་ས་སྐྱའི། གདན་རབས་ལོ་གྲངས་དད་པའི་གསོས་བྲིས་པར། ཆུ་གླང་ནས་ནི་ཆུ་རྟ་སུམ་ཅུའི་བར། དཀོན་མཆོག་རྒྱལ་པོ་ཉིད་དོ་ཆུ་ལུག་ནས། ལྕགས་ཕོ་སྟག་བར་བ་རི་རིན་ཆེན་གྲགས། ལོ་བརྒྱད་བར་མཛད་ལྕགས་ཡོས་ས་སྟག་བར། བཞི་བཅུ་ས་ཆེན་ཀུན་དགའ་སྙིང་པོས་མཛད། དེ་སྲས་བསོད་ནམས་རྩེ་མོས་མཛད་མིན་ལ། ལོ་རྒྱུས་སྣ་ཚོགས་འདིར་ནི་ཆོས་ཀྱི་རྗེ། བླ་མ་དམ་པས་ལམ་འབྲས་ཆོས་འབྱུང་ནི། ངོ་མཚར་སྣང་བའི་རྗེས་འབྲངས་ས་ཡོས་ནས། ཤིང་ཕག་བར་གྱི་ལྔ་བཅུ་ང་བདུན་ལོ། རྗེ་བཙུན་གྲགས་པ་རྒྱལ་མཚན་གདན་སར་བཞུགས། མེ་བྱི་ནས་ནི་ཆུ་མོ་ཡོས་ཀྱི་བར། ཉེར་བརྒྱད་འཇམ་མགོན་ས་སྐྱ་པཎ་ཆེན་པོ། དེ་ནས་ལོ་གྲངས་ཉེར་གཅིག་འདས་བར་དུ། གདན་ས་མ་བཀོད་ཤར་པ་ཤེས་འབྱུང་དང། འུ་ཡུག་རིག་སེང་དཔོན་ཆེན་ཤཱཀ་བཟང་གསུམ། སྤྱི་མིར་བཞུགས་ཤིང་ཤིང་གླང་མེ་སྟག་གཉིས། འཕགས་པ་རིན་པོ་ཆེས་མཛད་མེ་ཡོས་ནས། ཤིང་ཕག་བར་དགུ་རིན་ཆེན་རྒྱལ་