R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༨༡
[A:༢༨༡]ཞལ་ནས་ཁོ་བོས་རིམ་གྲོ་མཚན་ཚེ་ཞིག་བྱས་ན་གདན་སར་འགྱུར་དོགས་ཡོད། དེ་འདྲ་བྱུང་ན་ཁོ་བོས་གདན་སའི་ཁུར་མི་ཐེག ང་རང་འཆི་ཡང་བཟོད་ཅེས་སོགས་སྩལ། དེ་མུས་སྐུ་ལ་བསྙུན་གྱི་རྣམ་པ་སོགས་གང་ཡང་མེད་པར་ལོ་དེའི་ཧོར་ཟླ་ལྔ་པའི་འཇམ་མགོན་བསོད་ནམས་དབང་པོའི་དུས་ཆེན་ཚེས་བཅུ་གཉིས་ཀྱི་ནུབ་མོ་སྐུ་དངོས་ཀྱིས་ཞིང་འདིའི་གདུལ་བྱ་རྫོགས་ནས་གཙོ་བོར་ཟངས་མདོག་དཔལ་རི་སོགས་མཁའ་སྤྱོད་ཌཱ་ཀིའི་གྲོང་དུ་བདེ་ཆེན་གར་གྱིས་རྩེན་པའི་ཆེད་དུ་རེ་ཞིག་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན། ཟླ་བ་དེ་ཁའི་ཚེས་ཉི་ཤུ་ལ་རྒྱུ་མཚན་འབུལ་མི་གདན་སར་འབྱོར་བ་དང་། འཇམ་མགོན་ཨ་མེས་ཞབས་ནས་གཟིམས་དཔོན་རབ་འབྱམས་པ་བསམ་གཏན་རྒྱ་མཚོ་སྐུ་ཚབ་ཏུ་རྫོང་བདའ་མཛད་དེ། གདུང་མཆོད་དུ་རབ་ཀྱཻ་རྡོར་སྒྲུབ་མཆོད་རྡུལ་ཚོན་རས་བྲིས་ཅི་རིགས། མིན་ཀྱང་འགའ་ཞིག་གིས་བླ་མའི་གདུང་མཆོད་ལ་ཀུན་རིག་འོས་མིན་ཟེར་རིགས་ཚོས་དོན་མ་གོ་བ་ཡིན་ཞིང་། དགོས་རྒྱུ་དཀྱིལ་འཁོར་གྱི་གཙོ་བོ་དང་བླ་མ་ཐ་མི་དད་པ་ལ་བསྒྲུབ་ཅིང་མཆོད་པ་ཡིན་པས་དེ་མཐུན་གྱིས་ཀུན་རིག་རས་བྲིས་ཀྱི་ཆོ་ག་ཡུན་མི་ཐུང་ཙམ་ཞིག་ནི་ངེས་པར་དགོས་ཤིང་། གཞན་སེར་ཚོགས་ཀྱི་མཆོད་འབུལ་ཕྱག་རྫས་དང་བསྟུན་པའི་གང་