[A:༢༨༢]འཁྱེར་གྱིས། དགོངས་རྫོགས་དངོས་གཞི་གདན་ས་འདིར་ཞལ་ངོ་གོང་མ་རྣམས་ལྟར་མཛད་རྒྱུ་ཡིན་ཞིང་། སླར་རྟེན་བཞེངས་ཤིག་ཀྱང་དགོས་པ་དཔལ་རབ་ནས་ཨེ་གྲུབ་མི་ཤེས་པས་དེ་ལུགས་ཕན་སླེབ་ཡོང་བའི་ཟངས་དཔྱད་སོགས་བྱུང་ན་བསྲིངས་ལུགས་གྱིས། ཁྱོད་རང་ཚོ་བློ་མཐུན་ངོས་དགོངས་རྫོགས་ཀྱི་བྲེལ་བ་ཆོད་བསྟུན་རྒྱལ་པོ་མཆོད་ཡོན་དུ་བསླབ་སྟོན་ཞུ་ལུགས་གོ་མ་ལོགས་པ་དགོས་ཚུལ་སོགས་གསུང་བཀོད་བཀའ་ཐོ་བཅས་ཕེབས་པ་བཞིན་རབ་འབྱམས་པ་དཔལ་རབ་ཏུ་འབྱོར་ཚེ་སྐུ་གདུང་རིན་པོ་ཆེ་སྒམ་ཞིགས་ཏུ་བཞུགས་སུ་གསོལ་ནས་བན་ཚང་པ་རྣམས་ཀྱིས་བླ་མཆོད་ཁོ་ན་གཏོང་བ་ལས་སྒྲུབ་མཆོད་འདྲ་ནི་མ་བྱུང་འདུག དེར་སྐུ་གདུང་རེ་ཞིག་ཁང་བུ་བརྩེགས་པའི་མཆོད་རྟེན་ཞིགས་ཏུ་བཞུགས་སུ་གསོལ། བན་ཚང་བྱིངས་ཀྱིས་ཀུན་རིག་ཟླ་ཕྱེད་ཙམ་དང་། དྲག་པ་བཞི་བཞིས་ཀྱཻ་རྡོར་སྒྲུབ་མཆོད་སྟར་ཆགས་ཀྱི་བར་སེང་དུ་བླ་མཆོད་མ་ཆག་པར་ཕུལ། དེ་མཚམས་གྲ་ནང་ཆོས་སྡེ། གོང་དཀར། བྱེ་རྫིང་རྣམས་ལ་བསྙེན་བཀུར་རྒྱ་ཆེན་དང་། གྲ་ནང་གི་དགོན་ཆེ་ཆུང་སོགས་མཆོད་སྦྱིན་གྱི་ཡུལ་སྟོང་པྲག་ལོངས་པར་མང་འགྱེད་བསྒྲུབས། ངོར། གསེར་མདོག་ཅན། ཐུབ་སྟན་གོང་འོག་བྱ་གཤོངས་སོགས་སུ་མང་འགྱེད། གདན་ས་ནས་གདུང་བརྒྱུད་རིན་པོ་ཆེའི་ཡུམ་གཤེགས་པ་དང་སྟབསགཅིག་ཏུ་གྱུར་པས་