R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༨༦
[A:༢༨༦]གཞན་དུ་འབྲས་བུ་ཉེ་རྒྱུའི་ལམ་ལ་བརྟེན་ནས་ལྷན་རྒྱས་ཀྱི་བདེ་བ་ལམ་དུ་མཛད་པས་སྐུ་ཚེ་འདི་ཉིད་ཀྱིས་རྡོ་རྗེ་འཆང་ཆེན་པོ་ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་གྱི་གོ་འཕང་དམ་པར་གཤེགས་པའི་ཚུལ་ཐུན་མོང་མ་ཡིན་པ་ནི་རྗེ་ཉིད་ཀྱིས། བདེ་བས་བདེ་བ་ཆེན་པོ་ཀུན། །འཁོར་བའི་སྡུག་བསྔལ་གཅོད་བྱེད་ཅིང་། །མྱ་ངན་འདས་པའི་གོ་འཕང་མཆོག །ཐོབ་པར་འགྱུར་ཞེས་རྒྱལ་བས་གསུངས། །ཞེས་དང་། བདེ་སྟོང་ལྷན་ཅིག་ཡེ་ཤེས་ཆེན་པོའི་ཉམས། །བདེ་བ་བདེ་དྲོད་མེ་འབར་གཏུམ་མོས་སྨྱོ། །དེ་ཡང་ཐབས་ཤེས་ཟུང་འཇུག་ཆེན་པོས་སྨྱོ། །ཞེས་དང་། དབབ་བཟུང་བཟློག་དགྲམ་ལ་སོགས་རླུང་དང་སྲེས། །དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར་པ་བྱུང་། །ཞེས་སོགས་གསུངས་པས་རྒྱུད་སྡེའི་དགོངས་པ་ལོན་པ་རྣམས་ཀྱིས་ཕལ་ཆེར་རྟོགས་པ་ནུས་ཤིང་། ཞིབ་པར་བཀོད་པ་ནི་འདིར་སྐབས་སུ་མ་བབ་ལ། ཞིང་འདིའི་བཀོད་པ་བསྡུས་འཕྲལ་དག་པ་ཡེ་ཤེས་ཀྱི་སྐུ་སློབ་དཔོན་ཆེན་པོ་དང་དབྱེར་མེད་དུ་བཞུགས་པ་ཡང་། དར་མདོར་རྗེས་མར་ཕེབས་སྐབས་ཀྱི་ཉམས་དབྱངས་སུ། ཟངས་མདོག་དཔལ་གྱི་རི་བོ་ཅིཏྟར་དྲན། །སྐྱེ་འཆི་གཉིས་སྤངས་གུ་རུ་ནུས་ལྡན་དྲན། །སྲིན་པོ་སྲིན་མོ་ལྷ་ཡི་གཟུགས་ཅན་དྲན། །དཔའ་བོ་མཁའ་འགྲོ་དུ་མ་སྤྲིན་ལྟར་འཐིབས། །འོན་ཀྱང་རྣམ་དཀར་བསམ་པ་མཐར་ཕྱིན་