R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༨༧
[A:༢༨༧]བར། སེམས་ཀྱིས་སྡུག་སྒུར་བསྐྱེད་དེ་ཐང་གཅིག་བཤོལ། ། ཞེས་སོགས་སྐྱེ་འཆི་ལ་རང་དབང་ཐོབ་པས་བསྟན་འགྲོའི་དོན་འབད་མེད་དུ་མཛད་པ་སོགས་དད་ལྡན་བསྐལ་བཟང་རྣམས་ཀྱིས་ཞིབ་ཏུ་རྟོགས་པར་འདོད་ན་རྗེ་འདི་ཉིད་ཀྱི་ལམ་གླུ་རིང་མོ་མ་བུ་རྣམས་ལས་ཤེས་པར་བྱའོ། ། ཀུན་དགའ་དབང་རྒྱལ། དེའི་གཅུང་ཀུན་དགའ་དབང་རྒྱལ་ནི་ཡབ་དགུང་ལོ་སུམ་ཅུ་པ་ཆུ་འབྲུག་ལ་བསྟམས། དགུང་ལོ་བཅུ་གཅིག་པ་ཆུ་སྟག་ལོར་ཁྲིར་འདོན་མཛད། བཅུ་གསུམ་པར་ཕུར་སྒྲུབ་ལ་ཕེབས། བཅོ་ལྔ་པར་བསོད་ནམས་དབང་པོའི་ཞབས་དྲུང་དུ་སྒྲུབ་ཐབས་བརྒྱ་རྒྱམ། ས་ལོ། སྔགས་འཆང། བསོད་ནམས་དབང་པོ་རྣམས་ཀྱི་བཀའ་འབུམ་དང་རྩ་རྒྱུད་བརྟག་གཉིས་ཀྱིས་ལུང་། བཅུ་དྲུག་ལ་བྱས་འགྱུར་དུ་བསོད་ནམས་དབང་པོ་ལ་ལམ་འབྲས་གསན། བཅུ་བདུན་པར་བྱས་འགྱུར་དུ་ཀྱཻ་རྡོར་གཞི་བསྙེན་སྦྱིན་སྲེག་དང་བཅས་པ་དང་བཅུ་དགུ་པར་བདེ་མཆོག་ཏུ་ཕུར་བསྙེན་མཛད། ཉི་ཤུ་པར་གཅུང་ཨ་མེས་ཞབས་དང་ལྷན་དུ་གདན་སར་ཕེབས་ཏེ་བདག་པོ་དགྲ་འདུལ་དྲུང་ལ་བཀའ་ཆོས་ཁ་ཤས་གནང་། ཡབ་རྗེ་