R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༨༨
[A:༢༨༨]གཤེགས་སྐབས་འཇམ་མགོན་བསོད་ནམས་དབང་པོ་དང་། རྗེ་ཉིེད་ཀྱིས་ཀྱཻ་དོར་སྒྲུབ་མཆོད་སྐུ་གདུང་ཞུགས་འབུལ་དགོངས་རྫོགས་མཛད་པ་སོགས་བསྟན་འགྲོའི་དོན་དུ་མ་མཛད་ཡོད་འགྲོ་ཡང་། དེ་སྐབས་ཀྱིས་ལོ་རྒྱུས་ཟིན་བྲིས་ཞིབ་པ་མ་ཞུགས་ཤིང་། ཉུང་ངུ་འདི་ནི་ཨ་མེས་ཞབས་ཀྱི་རྣམ་ཐར་ནས་བཏུས་པ་སྟེ་གང་ལྟར་སྤྲེ་ལོ་ཧོར་ཟླ་བཞི་པའི་ཚེས་བཅོ་བརྒྱད་ལ་ཞི་བར་གཤེགས་། ཐུགས་དམ་གསལ་འདེབས་སུ་ཀྱཻ་རྡོར་སྒྲུབ་མཆོད་དགེ་འདུན་བརྒྱ་ཕྲག་ཙམ་གྱིས་སྒྲུབ་པ་དང་། དགོན་ཆེ་ཕྲ་མང་པོར་མང་ཇ་ཟང་ཟིང་གི་དངོས་འགྱེད་དང་བཅས་པ་བསྩལ་ཞིང་། དགོངས་རྫོགས་དངོས་གཞིའི་སྐབས་ཚོགས་དབུར་གྲུབ་མཆོག་བསོད་ནམས་དབང་པོ་སྤྱན་་འདྲེན་མཛད་དེ་གདན་ས་ཆེན་པོའི་ཚོགས་ཆེན་མོར་དགེ་འདུན་ཁྲི་ཕྲག་དུ་ལོང་པ་དང་། སྐྱེ་བོའི་ཚོགས་བགྲངས་ལས་འདས་པ་ལ་བསྙེན་བཀུར་སྦྱིན་གཏོང་འབུལ་ནོད་དངོས་པོ་དཔག་མེད་བཅས་སྒྲུབ་པར་མཛད་དེ། དེ་ནས་བཟུང་ལོ་ཟླའི་དུས་དྲན་མཆོད་འབུལ་དུ་བླ་མཆོད་སྒྲུབ་མཆོད་སོགས་ད་ལྷའི་བར་དུ་མཛད་པ་ཡིན་ནོ། །