[A:༢༩༠]ཟབ་གཏེར་འདི་ཡི་བཀའ་བབས་ནི༔ གནམ་ས་ཆོས་འབྱུང་འདྲ་བའི་ས་ཕྱོགས་སུ༔ ས་ཡི་མིང་ཅན་གསང་སྔགས་ཆོས་ལ་མོས༔ ཁྱད་པར་པདྨ་བདག་ལ་གུས་པའི་མི༔ བྱ་ཡི་ལོ་པ་ཐུགས་ཀར་སྨེ་ནག་ལྡན༔ འབྲེལ་ཚད་དོན་ལྡན་དེ་ལ་གཏད་རྒྱ་གྱིས༔ ཞེས་དང་སྤྲུལ་སྐུ་རིག་འཛིན་པདྨ་འབྱུང་གནས་ཉིད་ལོང་སྐུའི་སེམས་དཔའ་སྤྱན་རས་གཟིགས་ཀྱི་སྐབས་རྒྱུད་གསུམ་དྲེགས་པའི་གཉེན་པོ་པདྨ་རིགས་ཀྱི་ཁྲོ་བོ་རྟ་མགྲིན་དབང་གི་སྐུར་བཞེངས་པའི་ཚེ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་། ཕྱིས་སུ་སློབ་དཔོན་པདྨ་ཉིད་ཀྱིས་རྒྱ་གར་དང་བོད་ཀྱི་ཡུལ་དུ་རྡོ་རྗེའི་ཐ་ཚིག་གཉེན་པོས་གཅུན་ཏེ་བསྟན་པའི་སྲུང་མར་བསྐོས་པ་ངོ་བོད་ས་གནས་དག་པའི་འཁོར་ལ་རྣམ་པ་གདུལ་བྱ་གདུག་པ་རྣམས་དྲག་པོའི་སྟོབས་ཀྱི་སྒྲོལ་བའི་དམ་ལྡན་གནོད་སྦྱིན་ཆེན་པོ་ཙེ་དམར་པ་མི་ཁོག་ཏུ་བརླབས་ནས་ཞུ་ཡིག་ཕུལ་བར།
ས་དཀར་པོའི་ཡུལ་ན་རིག་འཛིན་བརྒྱུད་པ་སྤེལ་བའི་ཕོ་བྲང་དམ་པ་དེར་རྒྱ་ནག་པོའི་ཡུལ་གྱི་རྩེ་ལྔ་ནས་སྨྲ་བའི་སེང་གེའི་མིང་དུ་བཏགས། འཇའ་ཚུགས་སུ་ལྡན་པའི་རྟ་ཕོ་དེ་ལ་ཞོན། གུ་རུ་པདྨའི་དུས་སུ་ཞི་བ་འཚོ་དང་བསྟུན། མཁས་པ་ཤྲཱི་སིདྷའི་མིང་དུ་བཏགས། བཀོད་པ་ཡར་ལ་གཅིག་བྱས་ན་སྟོན་པ་ཤཱཀྱའི་དུས་སུ་མཽངྒ་ལ་གྱི་བུ། རིམ་པར་བརྒྱུད་པ་གནམ་རི་སྲོང་བཙན་དེ་ལ་