[A:༢༩༡]གཅེས་པ་མགར་བའི་མིང་། ཉེ་བར་བརྒྱུད་པའི་ཆོས་ནི་དར་བའི་དུས། སྒྲ་སྒྱུར་རྣམས་ཀྱི་གྲལ་ལ་འཁོད་བར་མ་དོ་ཡི་འགའ་ཤེས་སུ། རྒྱ་གར་འཕགས་པའི་ཡུལ་དུ་སྤྲུལ་པ་བྲུང་། རྒྱ་གར་ཡུལ་ནས་ཚུར་ལ་ལོག བོད་ཡུལ་ས་དཀར་ཀུན་དགའ་མིང་ཅན་དེ་ལ་ཟློ་བ། ཞེས་དང་། ཡང་དེ་རྗེས་སྐབས་ཤིག་ཏུ་ཕུལ་བར། ཁྲི་སྲོང་ལྡེ་བཙན་དུས་སུ་ལོ་ཙཱ་བ་ཀླུའི་རྒྱལ་མཚན། ད་ལྟའི་དུས་སུ་ཀུན་དགའི་མིང་ཅན་འདི། བསྟན་པ་རྒྱས་ཤིང་སྨོན་ལམ་འཕེལ་བར་འོང་། གསོལ་བ་ཐོབ་ཅིག་སྐྱེ་འགྲོ་སེམས་ཅན་རྣམས་ཤིས་པར་གྱུར་ཅིག ཕྱིས་དུས་ཀླུའི་མིང་ཅན་དུ་སྐྱེ་བ་བླངས་པའི་ཚུལ་ནི་དགེ་བཤེས་རང་གི་བློ་ལ་གསལ། ཞེས་དང་།
གཞན་ཡང་པཎྜི་ཏ་སྒོ་མཐའ་ཡས་པ་དང་ཀུན་མཁྱེན་བསོད་ནམས་སེང་གེ་སོགས་ཡིན་པ་དགེ་བཤེས་རང་ཟེར་མ་བདེ་བ་མ་གཏོགས་གདུག་འདྲེ་ལས་དགེ་བཤེས་རང་གསལ། ཞེས་སོགས་གསལ་བར་བསྟན་པ་འདི་ཉིད་ཁོ་ན་ཁུང་དུ་མ་ཟད། སློབ་དཔོན་ཆེན་པོའི་གཏེར་ལུང་གཞན་དག་གི་ཤུགས་བསྟན་མང་པོ་དང་། རྗེ་འདི་ཉིད་ཀྱིས་ཡོངས་འཛིན་མུས་ཆེན་སངས་རྒྱས་རྒྱལ་མཚན་གྱིས་གསུང་རྗེན་པར་བསྩལ་བ་འགའ་ཞིག་དང་། རྗེ་ཉིད་ཀྱིས་སྔོན་གནས་རྗེས་དྲན་ཞལ་གྱིས་བཞེས་པ་ཕལ་ཆེར་དང་། གཞན་ཡང་ཡོལ་མོ་སྤྲུལ་སྐུ་ལ་སོགས་སྦས་པའི་རྣལ་འབྱོར་ཕོ་མོ་མང་པོའི་