[A:༣༠༡]དངོས་ཡིན་པའི་བརྡའ་རུ་འདུག་ཅིང་། ཁྱེད་ཀྱང་ངའི་ཡུམ་དེའི་སྤྲུལ་སྐུ་ཡིན་འདུག་པས་མདང་སུམ་ཁྱོད་ལ་ངས་ཆོས་ཞུས་སོ་ཞེས་སོགས་ཀྱང་སྩལ། འཇམ་མགོན་དབང་པོའི་ཞབས་ནས་རྗེ་འདིར་ཁྱད་པར་ཅན་གྱི་ཐུགས་གཙིགས་གནང་ཞིང་། ཡབ་རྗེ་རྒྱན་དྲུང་གི་ཕྱག་ཕྱི་ཁོང་ཁྲི་ཐོག་རྒན་འབྲིང་གཉིས་ཀྱིས་མ་ཆོག་པ་མི་འདུག་པས། ཁྱེད་རང་ངའི་ཕྱི་ལ་ཕྱིིན། དབུས་གཙང་གི་ས་དགོན་ཆེ་ཆུང་རྣམས་དང་། སྦྱིན་བདག་སྡེ་དཔོན་ཆེ་ཕྲ་ཀུན་ལ་ངེད་ཀྱིས་ངོ་སྤྲོད་བྱས། མ་འོངས་པ་ན་དབུས་གཙང་གི་བླ་གཅིག་མ་བྱེད་པ་ཡིན་མོད་ཅེས་ཡང་ཡང་གསུངས་པ་ཕྱིས་སུ་རྗེ་འདི་ཉིད་ཀྱིས་གདན་སའི་ཐུགས་ཁུར་བསྣམས་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པ་ལ་དགོངས་པའི་གསུང་ཡིན་འདུག་ཅིང་། དེ་སྐབས་ཁྲིད་ཀྱི་དངོས་གཞི་དང་། རྒྱབ་རྟེན་ལུང་གི་རིམ་པ་སོགས་དཔལ་ས་སྐྱ་པའི་ཡབ་ཆོས་སྤྱི་བྱེ་བྲག་སྙན་བརྒྱུད་ཀྱི་རིམ་པ་ལྷག་མེད་དུ་བཞེས་ནས་བསྟན་པའི་སྲོག་ཤིང་འཛིན་པར་མཛད། ཁྱད་པར་སྔགས་འཆང་ཆེན་པོའི་རྣམ་ཐར་ལྗགས་ལུང་གསན་ཚེ་ཐུགས་དད་བཅོས་མིན་འཁྲུངས་ཏེ། སྔགས་འཆང་ཆེན་པོ་སྦུགས་རྭ་བསྣམས་པ་ཞིག་དང་མཇལ་ཨེ་ཡོངས་དགོངས་མི་མེད་པ་རྣམས་སུ་ལན་མང་ཕེབས་བཞུགས་མཛད་པ་ཡིན་ཞེས་གསུང་།
རྗེ་ཉིད་དགུང་ལོ་བཅུ་གཉིས་བཞེས་པ་ཕུར་བུ་ཏེ་ས་སྤྲེལ་