R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༩
[A:༢༩]མཚན་ཞེས། འཕགས་པའི་གཅུང་པོས་མཛད་ཅིང་མེ་བྱི་ནས། ལྕགས་འབྲུག་བར་ལྔ་སླར་ཡང་འཕགས་པ་ཉིད། ལྕགས་སྦྲུལ་མེ་ཕག་བར་དུ་ལོ་ངོ་བདུན། དྷར་མ་ཕ་ལ་རཀྵི་ཏ་ཡིས་མཛད། ས་ཕོ་བྱི་ནས་མེ་མོ་བྱ་ཡི་བར། ལོ་བཅུ་ཤར་པ་འཇམ་དབྱངས་རིན་རྒྱལ་པོ། ས་ཕོ་ཁྱི་ནས་ཤིང་ཕོ་བྱི་བའི་བར། ཉེར་བདུན་བཟང་པོ་དཔལ་ཞེས་མུས་སྲད་ལུགས། དེ་ནས་བླ་བྲང་གོ་བཞིའི་བཞི་ཐོག་པ། མཁས་བཙུན་ནམ་མཁའ་ལེགས་པས་ཤིང་གླང་ནས། ཆུ་ལུག་བར་ལ་བཅུ་དགུ་གདན་ས་མཛད། རིན་སྒང་དོན་ཡོད་རྒྱལ་མཚན་ཤིང་སྤྲེ་ནས། མེ་ཁྱིའི་བར་གྱི་གདན་ས་ལོ་གསུམ་མ། མེ་ཕག་ནས་བཟུང་ཆོས་རྗེ་བླ་མ་ཡིས། གདན་ས་མཛད་ཀྱང་ལོ་གྲངས་རེ་ཞིག་མེད། ལྷ་ཁང་གདུང་བརྒྱུད་ཏ་དབེན་བློ་རྒྱལ་གྱིས། བཅོ་བརྒྱད་མཛད་ཅིང་བཞི་ཐོག་ཀུན་རིན་གྱིས། ཡུན་རིང་མཛད་ཅེས་གྲགས་ཀྱང་ལོ་མ་འཁོད། དེ་ནས་བཞི་ཐོག་བློ་རྒྱལ་རིན་སྒང་པ། ནམ་རྒྱལ་བཞི་ཐོག་ཀུན་དགའ་དབང་ཕྱུག་དང། རིན་སྒང་རྒྱ་གར་ཤེས་རབ་རྒྱལ་མཚན་ཏེ། འདི་རྣམས་ལ་ཡང་ལོ་གྲངས་འདི་སོང་མེད། རིན་སྒང་བདག་ཆེན་རྡོ་རྗེ་འཆང་དབང་གིས། ཉེར་གཉིས་ལོ་ཡུན་གདན་ས་མཛད་ནས་ནི། མེ་སྦྲུལ་ནས་ནི་ཆུ་སྤྲེལསྦྲུལ་བར་སོ་བརྒྱད། ས་ལོ་འཇམ་དབྱངས་ཀུན་དགའ་