[A:༣༠༦]འདོད་ཆོས་ཀྱི་བདུད་རྩི་ངོམ་པར་སྩལ།
རྗེ་ཉིད་དགུང་ལོ་བཅུ་བདུན་དུ་ཕེབས་པར་ཆུ་གླང་གི་ལོར་སྒར་ཆེན་ཁམས་ནས་ཕེབས་ཏེ་མཚུངས་བྲལ་རྡོ་རྗེ་འཆང་མུས་ཆེན་སངས་རྒྱས་རྒྱལ་མཚན་མཇལ་བར་ཕེབས་གོང་དུ་ཡབ་རྗེ་ནས་གསུང་ཤོག་གནང་བའི་ལན་མུས་ཆེན་རྗེ་ནས་ཞུ་ཤོག་ཏུ། འདི་ཁའི་མཁན་པོ་འོས་རིགས་ཞབས་དྲུང་སྐུ་གཞོན་པར་ཤར་ལགས་པས་ཞེས་སོགས་དང་། སྒར་ཆེན་དང་སྟབས་གཅིག་ཏུ་ཕེབས་གནང་ཐུགས་རྗེ་ཆེ་བ་མཁྱེན་ལགས་ཞེས་སོགས་དང་། རྗེ་ཉིད་ལ་ཞུ་ཤོག་དེ་དང་དབྱིབས་འདྲ་ལ་འདིར་འབྱོན་གོང་སྔགས་འཆང་ཆེན་པོའི་དངུལ་གདུང་ལ་སྙན་དར་དང་། སྒོ་རུམ་བསྐྱེད་ལྟས་སུ་བསྐང་གསོ་བརྒྱ་རྩ་ཞིག་ཅིས་ཀྱང་མཛད་ནས་ཕེབས་པ་ཞུ། ཞེས་སོགས་འབྱོར་བའི་རྐྱེན་བྱས། སྐུ་ཚེ་སྔ་མའི་འབྲེལ་པས་གང་གི་མཚན་ཙམ་གསན་པ་ཉིད་ནས་རྗེ་འདི་ཉིད་ཀྱི་ཐུགས་ལ་དད་སྤྲོ་བཟོད་དུ་མེད་པ་ཁོ་ན་དང་། དེ་རྗེས་རྒྱལ་ཡུམ་བསོད་ནམས་རྒྱལ་མོ་དེ་ཉིད་ངམ་རིང་མི་དབང་ཆེན་པོ་མཇལ་བར་ཕེབས་ཚེ། རྗེ་ཉིད་ནས་མུས་ཆེན་ཞབས་དྲུང་དུ་གསུང་ཤོག་ཕུལ་བར། བདག་གི་ཚེ་ཧ་ཅང་མི་རིང་བ་ཞིག་བྱུང་ན་ཐོས་བསམ་རྒྱ་ཆེར་བྱས་པ་ལ་དོན་མི་འདུག་པས་ཚེ་རིང་ཐུང་གང་འོང་དང་། ཐོག་མར་མདོ་སྔགས་གང་ལ་སྦྱངས་ན་ལེགས་དང་། དབུ་ཞྭ་སོགས་སྐུ་དྲག་ཕོག་