R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༠༧
[A:༣༠༧]པའི་ན་བཟའ་ཞིག་བྱིན་རྟེན་དུ་གནང་བ་དང་། སེམས་ལ་ཕན་པའི་བསླབ་སྟོན་ཞིག་གནང་བར་ཞུ་སོགས་ཕུལ་བའི་གསུང་ལན་དུ། སྐུ་ཕྱྭ་བཏབ་པས་སྐུ་ཚེ་རིང་པོ་ཡོང་བར་གདའ། ཐུགས་སྦྱོངས་སྔོན་མ་མདོ་མཛད་པ་དགའ། ཐུགས་སྦྱོང་གནང་གོང་མི་གཡོ་བ་དཀང་པོའི་བསྙེན་པ་ཞིག་མཛད་ན་ལེགས་པར་གདའ་ལགས། ཐུགས་དམ་སློབ་གཉེར་སོགས་གང་མཛད་ཀྱང་ཐུགས་རྩེ་དཀོན་མཆོག་ལ་གཏད། ངེས་འབྱུང་དྲག་པོས་རྒྱུད་བསྐུལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་བསམ་པས་མཛད་དགོས་ཞེས་སོགས་དང་། ཞྭ་མོ་སོགས་བདག་གི་དྲི་ཕོག་པ་ནི་འབུལ་མ་ནུས་ཞེས་སོགས་གནང་འདུག དེ་རྗེས་རྗེ་འདི་ཉིད་ཀྱིས་མནལ་ལམ་ཞིག་ཏུ། བྱས་འགྱུར་བླ་བྲང་ནུབ་ཀྱི་རྗེ་བཙུན་ཆེན་པོའི་ཆོས་ཁྲི་ན། རྗེ་བླ་མ་མུས་པ་ཆེན་པོ་ཡིན་ཞུ་བའི་གཟི་བྱིན་ཅན་ཕྱག་ན་མི་རྐང་གི་གླིང་བུ་འབུད་བཞིན་པ་ཞིག་གི་འདི་བུས་པས་མགོན་པོ་མཐོང་ཡོད་གིན་གདའ་གསུང་བར། རྗེ་འདིས་རྐང་གླིང་དེ་བཞེས་ནས་འབུད་པར་མཛད་པ་ན་སྐད་ཀྱང་ཧ་ཅང་མ་བྱུང་ཞིང་། ཆོས་སྐྱོང་ཡང་གཟིགས་རྒྱུ་མ་བྱུང་མུར་བླ་མ་དེའི་མདུན་ནས་ཆུ་ཆེན་པོ་ཞིག་ཐོལ་གྱི་རྡོལ་བྱུང་བར། རྗེ་ཉིད་ཀྱིས་ས་སྐྱོང་སོགས་ཐབས་མཁས་ཀྱི་བསྐྱིལ་བའི་རྫིང་བུ་ཆེ་ཚད་གཅིག་བྱུང་འཕྲལ་ཉི་མ་ཡང་ཟེར་གྱིས་བཞུད་སོང་བ་འདྲ་ཞིག་