[A:༣༠༩]དགུང་ལོ་བཅོ་བརྒྱད་དུ་ཕེབས་པ་ཀུན་དགའ་ཞེས་པ་ཤིང་སྟག་ལོ་ནང་དུ་རྗེ་མུས་པ་ཆེན་པོ་ནས་ཡབ་རྗེ་དང་རྗེ་ཉིད་ལའང་ཞུ་ཤོག་ནན་ཅན་དང་སྟབ་གཅིག་དཔོན་ཆེན་རིན་ཆེན་ཀླུ་དབང་དཔོན་གཡོག་རྣམས་རྗེ་ཉིད་སྤྱན་འདྲེན་དུ་འབྱོར་བས་ཡབ་རྗེ་སྐུ་མཆེད་ནས་ཀྱང་དགོངས་ཁྲོལ་གྱི་ཕེབས་སྒོ་ལྟར། བྱས་འགྱུར་དུ་འཇམ་མགོན་དབང་པོའི་ཞབས་ཀྱི་དྲུང་དུ་བྱིན་རླབས་ཞུ་བར་ཕེབས་བཀའ་བསྒོ་བསླབ་སྟོན་སོགས་ལྷུག་སྩོལ་གནང་། དེ་མཐུན་གདན་ས་ནས་ཡབ་སྲས་གསུམ་ཆར་ནས་ཀྱང་ཐུགས་འཕྲེང་བའི་གསུང་དང་སྐབས་བབས་ཀྱི་ཞལ་ཏ་གནང་སྦྱིན་རྒྱ་ཆེན་དང་བཅས་ལོ་དེའི་ཟླ་བ་དགུ་པའི་གཞུག་ཏུ་གདན་ས་ནས་ཆིབས་བཏེགས་ཏེ། ཡོངས་འཛིན་དམ་པ་མཇལ་འདོད་ཀྱི་ཐུགས་བཞེད་གྲུབ་པའི་སྤྲོ་ཉམས་དང་བཅས་རིམ་གྱིས་མུས་གནས་གསར་དུ་ཕེབས་པའི་ཚེ། དེ་སྐབས་སྡེ་གཟར་གྱི་རྐྱེན་ལ་བརྟེན་ཡར་རྒྱབ་དཔོན་ཆེན་དེ་ཕྱོཊ་སུ་བྱོན་ཡོད་པས། ཆིབས་བསུ་དང་བཅས་ཕོ་བྲང་གི་རྩེར་སྤྱན་དྲངས་ཏེ་བསྙེན་བཀུར་འབུལ་ནོད་རྒྱ་ཆེར་བྱུང་ཞིང་། ཕྱིར་ཚེ་དབང་སོགས་འདོད་ཆོས་དུ་མས་རྗེས་འཛིན་གནང་། དེ་ནས་ཀྱང་ཕེབས་ཏེ་སང་རྗེ་བླ་མ་དང་མཇལ་རྒྱུའི་ཉི། རབ་འབྱམས་ཆོས་རྗེ་བ་སོགས་འགའ་ཞིག་སྔོན་དུ་གནང་སྟེ། རྗེ་རིན་པོ་ཆེ་ཁྱེད་བདག་རང་གི་སྐྱེ་བ་མང་པོའི་བླ་མ་ཡིན་སྙམ་པའི་ངེས་ཤེས་