[A:༣༡༠]ལྷང་ལྷང་དེ་ཀ་ཡོད་པ་དང་། འཇམ་དབྱངས་མཐུ་སྟོབས་དབང་ཕྱུག་གི་དབུ་བླ་ཡིན་པ་སོགས་གང་ས་ནས་བདག་ཚོར་བསུ་བ་ལ་ཕེབས་པ་དང་། ཕྱག་ལེན་མཛད་པ་གཏན་ནས་མི་གནང་བ་ཞུ་ཞེས་བཀའ་ཁྱབ་མཛ་པ་བཞིན། ཁོང་རྣམས་ཀྱིས་གསོལ་བས། རྗེའི་གསུངས་ལས། ཨ་ཕ་དེ་འདྲ་ཅི་གསུངས་པ་ཡིན། ཀར་འབྲུག་དགེ་ལྡན་པ་སོགས་ཀྱི་གྲྭ་སློབ་བུ་ཆེན་རྣམས་ནི་ཁོང་རང་ཚོའི་སྤྲུལ་སྐུར་གྲགས་པ་རེ་བྱོན་པ་ལ་ལ་ལུང་མང་པོ་བརྒལ་ནས་འཇལ་དུ་འགྲོ་ཞིང། དངོས་པོ་གང་ཡོད་འབུལ་ཐུབ་པ་ལ་དགའ་སྤྲོ་ཆེན་པོ་བྱེད་སྲོལ་བཟང་པོ་ཞིག་ཡོད་འདུག་ཀྱང་། རང་རེ་ས་སྐྱ་པའི་གྲྭ་སློབ་རྣམས་དད་གུས་ཕོ་རུས་ཤིན་ཏུ་ཆུང་བར་བརྟེན། སྐྱེས་བུ་དམ་པ་གསེར་གྱི་ཕ་ཕོང་སྒོ་འགྲིམ་དུ་བྱོན་ཡང་ཇི་མི་སྙམ་དུ་འདུག་མོད། གང་ལྟར་ས་སྐྱ་པའི་གདུང་བརྒྱུད་དྲི་མ་མེད་པ་བྱོན་པ་ལ་རང་རེ་རྣམས་ཕྱག་མི་འཚལ་ན་གཞན་སུ་ལའང་ཚལ་བ་ཡིན་སྔར་གྱིས་བསམ་པ་ལ་ང་རྒས་ཀྱང་གྲུ་གུ་འཕྲང་དུ་ཕེབས་བསུ་ལ་ཡོང་བསམ་པ་ཡོད་ཀྱང་། ཞབས་དྲུང་གི་དགོངས་པ་ལ་གཏན་ནས་མེད་ཕྱིན། ད་ཆ་བླ་བྲང་གི་ནུབ་ཀྱི་འཇམ་དབྱངས་སངས་རིན་གྱི་ཆོས་ཁྲི་ཆོས་རྭ་དང་བཅས་པའི་ས་དེར་ཕེབས་བསུ་ལ་ཡོང་བ་ཡོད་ཞུས་ཤིག དེ་རིང་གཟའ་སྐར་བཟང་ངན་ཅི་ཡོད་ཀྱང་ལྟོས་པ་མེད་མདངས་ནུབ་མོ་ངེད་རང་ས་སྐྱ་ཞབས་དྲུང་དང་གཉིད་