[A:༣༡༡]དང་འོད་གསལ་འདྲེས་པའི་ངང་ནས་ཞིབ་པར་མཇལ་བྱུང་སྟེ་ཁོང་སྐུ་བོང་ཆེ་ཆུང་རན་པ། ཞལ་དཀྱིལ་ཟླུམ་ཤིང་དཀར་ལ་དམར་ཤས་ཆེ་བའི་མདངས་དང་ལྡན་པ། སྤྱན་གཉིས་ཟླུམ་ཤིང་ཆེ་བ། ཤངས་གཟེང་མཐོ་ཞིང་ཆུ་སྒྲོས་ལེགས་པ། ཞལ་སྨ་ར་དང་ཞལ་བརྒྱན་ཁྱུག་གེ་ཡོད་པ། སྐུ་གཟན་སྨུག་ཅིང་སྐུ་ཆོས་སེར་བ་བཞེས་པ་ཞིག་གསལ་བར་མཐོང་བྱུང་ཞེས་སོགས་དགྱེས་སྤྲོའི་གསུང་དུ་མ་སྩལ། དེ་ནས་རྗེ་ཉིད་དཔོན་སློབ་ཉེ་ཆར་ཕེབས་ཚེ་དེར་བཞུགས་འདུས་ཚོགས་ཀྱི་སེར་ཕྲེང་གི་ཕེབས་བསུ་གཟབ་པར་ཞུས་ནས་འཇམ་པའི་དབྱངས་སངས་རྒྱས་རིན་ཆེན་གྱི་ཆོས་རྭར་ཕེབས་པའི་ཚེ་དཔལ་འཁོར་ལོ་སྡོམ་པ་ཉིད་ངུར་སྨྲིག་གི་བླ་གོས་བཞེས་པ་མུས་ཆེན་སངས་རྒྱས་རྒྱལ་མཚན་དེ་ཉིད་ཐུགས་དགྱེས་སྤྲོ་དང་བྱིན་རླབས་ཀྱི་གཟི་བྱིིན་ཉི་མ་ལྟར་འབར་བ་མཇལ་མ་ཐག་རྗེ་འདི་ཉིད་ཀྱིས་ཐུགས་སྣང་གི་རྟོག་པ་ཕྲ་རགས་ཐམས་ཅད་འགགས་ནས་ལྷན་སྐྱེས་སྤྲོས་བྲལ་གྱི་ཡི་ཤེས་ངང་ལ་རེ་ཞིག་ཧད་དེར་ལུས་པར། སྐུ་འཁོར་རྣམས་ཀྱིས་སྙན་བསྐུལ་ཞུས་པས་སད་དེ། ཐོག་མར་རྗེ་མུས་ཆེན་ནས་ཕྱག་གསུམ་མཛད་རིང་ལ། རྗེ་འདིས་དད་པའི་ཡུས་ཀྱིས་ཕྱག་དགུ་བཏུད་དུ་གནང་། མཇལ་དར་དང་བཅས་བྱིན་རླབས་དབུ་མཉམ་རྩེ་སྤྲོད་ལུགས་དགོངས་ཀྱང་རྗེ་ཉིད་ཀྱི་དབུ་མུས་ཆེན་གྱི་དབུ་འོག་ཏུ་ཆུག་ངེས་ཤིག་མཛད་རྒྱུ་བྱུང་བས་