[A:༣༡༢]ཐུགས་ཚིམ་པར་གྱུར། དེ་ནས་བླ་བྲང་དབང་ཁང་དུ་དཔོན་སློབ་ཉུང་བསྡུས་ཤིག་ལ་བཞུགས་གྲལ་གནང་རིང་། ཡས་ཕྱིར་གསུང་གླེང་ཞིབ་རྒྱས་དང་། ཁྱད་པར་རྗེ་ཉིད་ནས་སྔ་སོར་གདན་སར་བཀའ་ཤོག་རིམ་འབྱོར་བཞིན་དང་ལེན་དང་། ལྟ་པར་བདག་རང་ཆུང་ངུ་ནས་མགོན་པོ་ཁྱེད་ཀྱི་ཞལ་མཇལ་གསུང་ཐོས་དུས་ཤིག་ནམ་འོང་ངམ་བསམ་པ་བཞིན། ད་ལན་རྟེན་འབྲེལ་ཕུན་ཚོགས་འདི་བཞིན་འགྲིག་པས་དཔལ་ས་སྐྱ་པའི་ཡབ་ཆོས་འཁོར་ལོ་བདེ་ཆོག་ལུ་ནག་དྲིལ་གསུམ་ནཱ་རོ་མཁའ་སྤྱོད་དང་བཅས་པའི་ཆོས་སྐོར་སོགས་ཞུ་དགོས་ཡོད་པ་རྣམས་ཐུགས་རྗེས་འཛིན་པར་ཞུ་ཞེས་གསུང་པར། རྗེ་མུས་པའི་གསུང་ལས་དེ་བཞིན་ངོ་མཚར་ཆེ། རང་རེའི་གླིང་ཁ་བདེ་བ་ཅན་གྱི་དགོན་མ་བུ་འདི་རྣམས་སྔོན་མུས་ཆེན་སེམས་དཔའ་ཆེན་པོས་འདི་ཕྱོགས་ཀྱི་བྱ་རི་དྭགས་ཉ་སྒོ་ང་སོགས་སེམས་ཅན་མགོན་སྐྱབས་མེད་པ་རྣམས་ཀྱི་མགོན་སྐྱབས་སུ་འདེབས་པར་མཛད་པ་ནས་བཟུང་ད་ལྟའི་བར་དུའང་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བཤད་སྒྲུབ་བསྟན་པའི་རྒྱུན་གཞན་ལས་ཁྱད་པར་དུ་འཕགས་ངོས་ཤེས་པ་མ་ཉམས་གོང་འཕེལ་དུ་ཡོད་པ་འདི་ལེགས་ཤིང་། ད་ནི་ངེད་ཁ་རྒས་ལུས་གོག་པ་ལ་བརྟེན་འཛིན་བཀོད་དེ་འདྲ་ཐུབ་པའི་རེ་བ་མི་འདུག་པས། དགོན་གནས་འདི་རྣམས་ཁྱེད་ས་སྐྱ་པའི་ཕྱག་ཏུ་མ་འཕྲོད་ན་ དུས་ཀྱི་དབང་གི་