R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༡༦
[A:༣༡༦]མེར་གྱིས་ཁེངས་སྙམ་ཞིག་བྱུང་བ་ཕྱིས་ཀྱི་རྟེན་འབྲེལ་བརྡ་རྟགས་ཁྱད་པར་ཅན་དུ་སྣང་། ཡང་དེ་སྐབས་མནལ་ལམ་ཞིག་ཏུ་སྒོ་རུམ་གྱི་སྙན་དར་རྣམས་ཡབ་རྗེ་རིན་པོ་ཆེས་རྗེ་ཉིད་ལ་རྩིས་སྤྲོད་གནང་བ་ཞིག་བྱུང་བས་ནང་པར་མུས་ཆེན་ལ་ཞུ་བར་མཛད་པར། རྗེའི་གསུངས་ལས། རྨི་ལམ་ཤིན་ཏུ་བཟང་། རིགས་ཀྱི་བུ་ལ་བརྒྱུད་ཀྱི་ལྷ་མགོ་ཟེར་བ་དེ་གདའ། བྱེད་པ་མིས་བྱེད་ཀྱང་མདུན་མ་ལྷས་བསྒྱུར་བ་ཞིག་དགོས་པ་ཡིན་ཁྱེད་རང་བསོད་ནམས་ཆེ་བས་ཐམས་ཅད་དབང་དུ་འདུ་ཞིང་། དཔལ་འབྱོར་ལོངས་སྤྱོད་ཀྱང་བློས་མི་འཁྱུད་པ་ཙམ་དང་། ས་སྐྱ་པ་ཀུན་གྱི་རེ་ལྟོས་འཆོལ་བ་ཞིག་འོང་བས་དེ་དུས་འཁོར་ལོ་བདེ་མཆོག་གི་རྒྱུད་འདི་རྣམས་གསང་སྔགས་བདེ་ཆེན་གླིང་དུ་རྒྱུད་འདོན་ཐབས་རྒྱས་པ་རེ་རྩོམ་ལ་འཛུགས་ཐུབ་པ་མཛོད་ཅེས་སོགས་ཕྱིས་སུ་ཆོས་སྲིད་བསྟན་པའི་གདུགས་དཀར་སྲིད་རྩེར་འདེགས་པའི་ལུང་བསྟན་བརྡ་ཆོས་མང་དུ་གནང་། ད་ལོ་དབུས་གཙང་སྤྱིར་འབྲུམ་ནད་བྱུང་སྐབས། གླིང་ཁ་ཕྱོགས་སུའང་ཤིན་ཏུ་ཐུ་བར་བྱུང་བས། རྗེ་མུས་ཆེན་ཞབས་ནས་ད་ལན་གྱི་འབྲུམ་པ་འདི་རེ་ལོད་དུ་འདུག་པས་ཞབས་དྲུང་ཉིད་ནས་གྲྭ་པ་ཚོར་སྣ་ཚོགས་ཡུམ་སོགས་ཀྱི་རྗེས་གནང་འདྲ་གནང་ན་ལེགས་པར་འདུག་གསུངས་པ་བཞིན་དུ་ཚོགས་ཆེན་ལ། གུར་