[A:༣༢༧]མུས་ཕྱོགས་སུ་ཕེབས། གླིང་ཁ་བདེ་བ་ཅན་དུ་མུས་ཆེན་ཉིད་དང་མཇལ་ཚེ་བཀའ་མཆིད་འབེལ་གཏམ་གྱི་ཚུལ་དུ་གསུང་ངག་ལམ་འབྲས་ཀྱིས་གཙོས་སྔ་སོར་ཆོས་བཀའ་གནང་བ་རྣམས་ལས་བརྩམས་ཏེ་དྲི་བ་མང་ཞིག་མཛད་པར། རྗེ་འདི་ཉིད་ནས་རྒྱུད་དང་མན་ངག་གྲུབ་མཐའི་གནད་ཞིབ་གསལ་ཚམ་ཚོམ་མེད་པར་ཕུལ་བས་རྗེ་མུས་ཆེན་ཉིད་ནས། ཨ་ལ་ལ། ས་སྐྱ་པའི་ཡབ་ཆོས་གསུང་ངག་ལམ་འབྲས་་ཀྱི་ཁྲིད་གཞུང་བཤད། མན་ངག་གི་གནད་ཟབམོ་རྣམས་དང་། ཕྱག་ལེན་ཕྲ་མོ་ཚུན་ཆད་ཁྱེད་ཀྱི་ཐུགས་ལ་པར་བཏབ་པ་བཞིན་བྱུང་འདུག་པ་ངོ་མཚར་ཆེ་ཞེས་སོགས་གསང་ཆེན་བསྟན་པའི་མངའ་བདག་ཏུ་གྱུར་པའི་སྔགས་བརྗོད་མཛད་ཅིང་། ཚོགས་ཆེན་ལ་གསུང་ངག་གཅིག་གནང་དགོས་གསུང་པ་བཞིན་རྗེ་ཉིད་ནས་ཀྱང་ཞལ་གྱིས་བཞེས་ནས་དུས་ཚེས་དགེ་བར་དོན་གཉེར་བརྒྱ་ཕྲག་དུ་མ་ལ་གསུང་ངག་རིན་པོ་ཆེ་སྨིན་རྒྱས་སྩལ་བའི་ཚེ་མན་ངག་གི་འཆད་ཚུལ། རྒྱུད་སྡེ་དང་འབྲེལ་ཚུལ། དབང་བྱིན་རླབས་ཕྱགས་ལེན་ཕྲ་མོ་ཙམ་ལའང་འཁྲུལ་སྐྱོན་དང་བྲལ་བར་འདོམས་པར་མཛད་པས་མུས་ཆེན་ཉིད་ནས་ཆོས་ཉན་པ་གནད་ཤེས་མཁན་ཚོར་ག་འདྲ་འདུག་དྲི་བ་གནང་ཚེ་རྒྱུ་མཚན་སྒྲོོ་སྐུར་མེད་པ་ཞུས་པས། ཕ་ལ་བུ་སྐྱེས་འདུག་ཞེས་སོགས་དགྱེས་སྤྲོ་ཚད་མེད་པ་གནང་། གསུང་ངག་གྲོལ་ནས་བསམ་གཏན་ཕུར་