R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༣༡
[A:༣༣༡]མཁའ་འགྲོ་མའི་སྙན་བརྒྱུད་མན་ངག་གི་ཁྲིད་དང་། ཁྲོ་ལོ་ནས་བརྒྱུད་པའི་སྐྱིད་སྡུག་ལམ་ཁྱེར་གྱི་ཁྲིད་སོགས་གསན། དེ་དག་གི་སྐབས་གསེང་ལ་རྗེ་ཉིད་ནས་ཐུབ་བསྟན་མཁན་ཆེན་དང་ཆོས་རྗེ་འཇམ་དབྱངས་ཆོས་བཟང་པས་གཙོས་པ་གླིང་ཁ་ཚོགས་ཆེན་ལ་གསང་འདུས་མི་བསྐྱོད་པའི་དབང་ལན་མང་དང་། རགས་བསྡུས་ཤིག་ལ་མུས་ཆེན་སེམས་དཔའ་ཆེན་པོའི་བཀའ་འབུམ་གྱི་ལྗགས་ལུང་སྩལ། དེ་ནས་གདན་ས་ནས་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་སྐུ་ཁམས་བསྙེལ་པོ་ཡོད་པའི་གཏམ་གསན་འཕྲལ་འབྱོན་བཞེད་ཀྱི་སྐབས་ངམ་རིང་ནས་ཆོས་རྒྱལ་ཆེན་པོས་ནན་ཞུས་བྱུང་བས་ངོ་མ་ཆོག་པར་འཁོར་རྩམ་ཕེབས་རྩིས་ཀྱི་ཚེ། རྗེ་བླ་མའི་གསུངས་ལས། ད་རེས་ངམ་རིང་ཕྱོགས་སུ་ཕེབས་འགོར་གང་ཆུང་མཛད་ནས་གདན་སར་གང་མྱུར་དུ་འབྱོན་དགོས་ཞེས་སོགས་གསུངས་པ་བཞིན་ངམ་རིང་དུ་མི་དབང་ཆེན་པོ་གཙོ་གྱུར་གྱི་སེར་སྐྱ་སྟོང་ཕྲག་ལྷག་ཙམ་ལ་བརྒྱུད་པའི་ཁྱད་གཉིས་ལྡན་གྱི་ཆོ་གའི་སྒོ་ནས་སེམས་བསྐྱེད་ཀྱི་བཀའ་དྲིན་སྩལ། སྡེ་སྲིད་དྲལ་ལྕམ་དང་ངམ་རིང་ཆོས་སྡེའི་ཆེ་བགྲེས་སློབ་དཔོན་རགས་རིམ་ལོ་ཕུ་དགོན་པའི་གྲྭ་དམངས་བཅས་ལ་གསང་འདུས་མི་བསྐྱོད་པའི་དབང་ཆ་ལན་ཁ་ཡར་དང་། མི་དབང་དཔོན་གཡོག་ཉུང་བསྡུས་ལ་ཚེ་བཀའ་སོགས་སྩལ་ནས་བཤད་རྩོལ་གྱིས་ཕེབས་པར། ཡབ་རྗེ་རིན་པོ་ཆེ་དེ་ཉིད་ས་ག་