R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༣༢
[A:༣༣༢]ཟླ་བའི་ཚེས་བཅོ་བརྒྱད་ལ་དགོངས་པ་ཆོས་དབྱིང་སུ་ཐིམ་ནས་བཅུ་དགུའི་ཉིན་ཐུགས་དམ་གྲོལ་བ་དང་རྗེ་ཉིད་གདན་སར་ཕེབས་ཏེ་སྐུ་གཤེགས་ཁར་ཡབ་རྗེ་ཞལ་མཇལ་མ་བྱུང་བས་ཐུགས་ཤིན་ཏུ་ཡུས་པ་བྱུང་ཞིང་། དེ་ནས་སྐུ་གདུང་ལ་ཕྱག་སྐོར་དང་དབུ་བཙུགས་ནས་ཐུགས་སྨོན་ཐུགས་ཚིམ་པར་གནང་། དེ་སྐབས་གྲུབ་མཆོག་བསོད་ནམས་དབང་པོ་དང་གཅེན་རིན་པོ་ཆེ་ངག་དབང་ཀུན་དགའ་དབང་རྒྱལ་ཁུ་དབོན་གཉིས་འཁོར་བཅས་ནས་ཐུགས་དམ་གསལ་འདེབས་སུ་དགྱེས་རྡོར་སྒྲུབ་མཆོད་ཡུན་རིང་དང་། སྐུ་གདུང་ཞུགས་འབུལ་ནས་བརྩམ་ལོ་ཟླ་དུས་དྲན་གྱི་མཆོད་རྒྱུན་འཛུགས་པའི་བར་རྒྱ་ཆེར་གནང་ཞིང་། ཕྱིས་སུ་རྗེ་འདི་ཉིད་ནས་སྒེར་དུ་རིག་འཛིན་ལྷ་ཁང་ན་བཞུགས་པའི་དངུལ་གདུང་ཁྱད་འཕགས་དང་། བྲིས་ཐང་གཙོ་བསྡུས་ཆེན་མོ་སོགས་གསར་བཞེངས་ཤིན་ཏུ་མང་པོ་དང་། རྙིང་པསྙིང་པ་ཉམས་གསོ་སོགས་རྣམ་དཀར་གྱི་ཕྲིན་ལས་རླབས་པོ་ཆེའི་རྒྱུན་བསྐྱངས་པ་མཐའ་དག་གཙོ་བོར་ཡབ་རྗེ་དེ་ཉིད་ཀྱི་དགོངས་རྫོགས་སུ་དམིགས་པར་མཛད་པ་ཤ་དག་གོ ། དེ་ནས་ཡང་མུས་སུ་ཕེབས། མུས་ཆེན་གྱི་དྲུང་ནས་སྔར་མ་གསན་པའི་ཟབ་ཆོས་གུར་མགོན་གྱི་ནང་ཁྲིད། སྲུང་འཁོར་བྲག་རྫོང་མའི་ཁྲིད་རྒྱབ་ཆོས། ཟབ་མོ་གཅོད་ཀྱི་ལུང་ཁྲིད། ཐུགས་