[A:༣༣༤]རྗེའི་སྐྱབས་འོག་ཏུ་འཇུག་པ་ཞུ་བར་མཛད། དེ་ནས་རིམ་གྱིས་གདན་སར་ཕེབས་ཏེ་ཆུ་མིག་རྫིང་ཁའི་བདེ་མཆོག་ཕོ་བྲང་དུ་འཁོར་ལོ་བདེ་མཆོག་ནག་པོ་པའི་གསུང་བསྙེན་ལ་བཞུགས་ནས་རྒྱང་ཙམ་་སོང་བ་དང་། མནལ་ལམ་ཞིག་ཏུ་རྗེ་མུས་ཆེན་དེ་ཉིད་གསལ་པོར་བྱོན་ནས་ལམ་དབང་བླ་རྒྱུད་ཀྱི་བྱིན་རླབས་འདྲ་ཞིག་གནང་བའི་ཚེ། བྲམ་ཟེ་ཆེན་པོ་ས་ར་ཧ་དང་། མུས་ཆེན་སེམས་དཔའ་ཆེན་པོ། སྤྱན་སྔ་རིན་པོ་ཆེ་དཀོན་མཆོག་རྒྱ་མཚོ་རྣམས་ཀྱི་མཚན་གསལ་བར་གསན་པ་དང་། ཡང་སྔ་དྲོའི་ལྗགས་ཐུན་སྐབས་ཤིག་ཏུ་ཅུང་ཟད་མནལ་བར་རྗེ་མུས་ཆེན་གྱི་སྐུ་མ་གཟིགས་པར་གསུང་སྦོམ་ལ་ཟིལ་ཆེ་བ་ཞིག་གིས་ཐུགས་ཁར་ཐུགས་རྡོ་རྗེ་མ་ཞེས་པ་ཚིག་གསལ་དུ་འཇུག་དགོས་ལགས་ཞེས་གསུང་བྱུང་བས་མནལ་སད་དེ་རྗེ་མུས་པ་ཉིད་འདི་ན་བཞུགས་ཡོད་དོ་སྙམ་པའི་འཇིགས་པ་དང་དགའ་སྤྲོ་ཟུང་འབྲེལ་དུ་འཁྲུང་ཞིང་། དེ་ནས་རྒྱུན་མི་རིང་བ་ཞིག་ན་རྗེ་མུས་པ་དེ་ཉིད་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་སྟེ་སྐུ་གདུང་ཞུས་པ་ཕལ་ཆེར་རིང་བསྲེལ་དང་གདུང་ལོག་ཏུ་གྱུར་ཅིང་། དབུ་ཐོད་ཀྱི་དུམ་བུ་མི་ཆུང་ཙམ་ཞིག་རྗེ་འདིའི་ཕྱག་ཏུ་ཕུལ་བར་མཆོད་འབུལདང་གསོལ་འདེབས་རྒྱ་ཆེར་མཛད། དགེ་འདུན་རགས་བསྡུས་ཀྱི་འཁོར་དང་བཅས་པས་ཀྱཻ་རྡོར་སྒྲུབ་མཆོད་དང་བླ་མཆོད་ཟླ་གཅིག་ལྷག་ཙམ་གནང་། གདན་སའི་དགེ་འདུན་