R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༣༦
[A:༣༣༦]དད་གུས་ཀྱི་འབུལ་ནོད་དཔག་ཏུ་མེད་པ་ཕུལ། དེ་ནས་རྒྱལ་ཁར་རྩེར་ཕེབས། དཔལ་འཁོར་བདེ་ཆེན་པའི་དགེ་འདུན་རྣམས་ཀྱིས་སེར་ཕྲེང་གཟབ་མ་ཞུས། སྐུ་འབུམ་མཐོང་གྲོལ་ཆེན་མོ་སོགས་རྟེན་གྲགས་ཆེ་བ་རྣམས་མཇལ། ཆོས་སྡེར་དབང་བཀའ་སོགས་ཚིམས་པར་སྩལ། དེ་ལོ་ཆར་ཤིན་ཏུ་དཀོན་སྐབས་ལ་རྗེ་འདི་གདན་ས་ནས་ཕེབས་ཉིན་ནས་ཆར་ཆེན་འབེབ་མགོ་ཚུགས་པས་རྒྱལ་ཁམས་ཡོངས་སྐུ་དྲིན་ཆེ་བ་ཤེས་པ་བྱུང་། དེ་ནས་ཕེབས་བསུ་དང་བཅས་གོང་དཀར་དུ་བྱོན་ནས་ཞག་ཤས་བཞུགས། དབང་བྱིན་རླབས་དང་མང་སྐོལ་གྲལ་འགྱེད་རྒྱ་ཆེར་སྩལ། རྟེན་གཙོ་ཐུབ་ཆེན་མཁྱེན་བཙེ་ཆེན་པོའི་ཕྱག་བཟོ་སོགས་ནང་མཇལ་གྱི་རིགས་ཞིབ་པར་མཛད། དེ་ནས་སྙེ་ཐང་བཀྲ་ཤིས་སྒང་། ཆོས་རྫོང་། འོར་རྣམས་ན་བཞུག་པའི་ཇོ་བོའི་སྐུ་འདྲ་ཕྱག་ནས་མ་དང་བླ་མ་དམ་པའི་ཐུགས་དམ་མའི་མགོན་ཁང་སོགས་རྟེན་མཆོག་རྣམས་ཞིབ་མཇལ་དང་སྨོན་ལམ་གནང་། འདི་རེས་སྒར་ཁྲོད་ཀྱི་མི་ཞིག་གིས་རྗེའི་ཕྱག་རྫས་ལ་གཡོ་སྒྱུ་བརྩམས་པས། དེའི་ཁོག་པར་ཆོས་སྐྱོང་གི་འཁོར་ཞིག་བཞུགས་ནས་ལབ་ལོབ་མང་པོ་བྱས་བྱུང་བར་ཉེ་སྐོར་པ་ཚོས་བྱིན་རྟེན་གྱིས་བརྡུང་བ་དང་། དུད་པས་བདུག་པ་སོགས་བྱས་པས་དེ་ན་རེ། ང་དེ་འདྲས་འགྲོ་མཁན་