R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༣༧
[A:༣༣༧]མིན། ས་སྐྱ་ནས་འོངས་པ་ཡིན། འཇམ་དབྱངས་ཀུན་དགའ་བསོད་ནམས་ཀྱི་དར་འབོག་མ་བྱུང་བར་མི་འགྲོ་ཟེར་བ་ལ། ད་ལྟ་ག་ན་ཡོད་དྲིས་པས་དྲེའུ་རྒྱ་བོའི་སྟེང་མགོ་སྤྲེལ་ནང་ལ་ཡོད་ཟེར་བ། དེ་བཞིན་དོན་པ་དང་། ད་འདི་ཞབས་དྲུང་དུ་ངེད་ཆོས་འབུལ་བས་སོང་ཞིག་བྱས་པར། ད་དུང་ཞལ་མཇལ་ནས་ཞབས་དབང་ཞིག་མ་ཐོབ་བར་མི་འགྲོ་ཟེར་བ་དེ་བཞིན་རྗེ་ཉིད་ལ་ཞུས་ཏེ་ཁོ་རང་ཡང་ཡུས་པའི་ཚུལ་གྱིས་རྒྱུག་འདྲལ་དང་བཅས་བྱུང་སྟེ་རྗེའི་ཞབས་ལ་འཇུས་ནས་སྤྱི་བོར་བཞག མཆི་མ་མང་དུ་བཏང་སྟེ་བསངས། ཕྱིས་སུ་རྒྱུ་མཚན་ཞིབ་པར་གསན་ཡང་དེ་འདྲའི་ལས་ངན་བྱེད་པ་སྙིང་རྗེ་གསུངས་པ་མ་གཏོགས་ཉེས་ཆད་ཙམ་ཡང་མ་མཛད་པར་འདུག ལྟ་སར་ཕེབས་ཏེ་ཇོ་ཤཱཀ་རྣམ་གཉིས། རང་འབྱོན་བཅུ་གཅིག་ཞལ་སོགས་རྟེན་གཙོ་རྣམས་ལ་གསེར་གསོལ་སྙན་དར་དཀར་མེ་སོགས་མཆོད་སྤྲིན་རྒྱ་ཆེར་མཛད། བསྟན་འགྲོ་སྤྱིའི་ཕན་བདེར་དགོངས་པའི་སྨོན་ལམ་ཕུར་ཚུགས་དང་། ཕོ་བྲང་དམར་པོ་རི་དང་ལྕགས་པོ་རིར་རྟེན་མཇལ་གནང་། སློབ་དཔོན་ཆེན་པོ་དང་འཁོན་སྟོན་ཀླུ་དབང་བསྲུང་བའི་དུས་ཀྱི་བསྒྲུབས་གནས་ཕྱིས་སུ་ཇོ་བོ་ཡབ་སྲས་ཀྱིས་ཆོས་འཁོར་བསྐོར་བའི་གནས་ཡེར་པ་བྲག་ཕུག་མཇལ་དུ་ཕེབས། ཡེར་པའི་དགོན་གསེབ་ཏུ་