R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༣༩
[A:༣༣༩]ཞིག་གནང་གིན་མེད་ཀྱང་། ཆོས་སྐྱོང་ཉིད་ནས་དད་གུས་ཆེན་པོས་ལུང་བསྟན་ཞིབ་གསལ་མང་བ་ཞིག་དང་། ལྷག་ཏུ་གདན་སའི་ཁུར་བཞེས་དགོས་ཚུལ་ནན་ཞུས་དང་། ཁྱད་པར་རྟེན་འབྲེལ་ཀྱི་ཁྱད་ཅིག་ཡོད་པས་དགེ་བཤེས་ཀྱི་གདུག་འདྲེ་ལ་རྟ་ཞིག་དགོས། དེ་ཡང་དགེ་བཤེས་གདུང་སྤེལ་བྱས་ས་དཀར་པོའི་གདན་གནོན་ན་རྟ་བང་ལ་མཇུག་མ་འཇོབ་བེ་བ་ཞིག་ཁྱེར་ཤོག རབ་བྱུང་གཙང་མ་བྱེད་ན་གསར་ལ་ཡིད་འཛིན་པ་ཞིག་ཁྱེར་ཤོག་ཞུས་པར། རྗེ་འདི་རབ་བྱུང་ལ་ཐུགས་གཞོལ་བས་ལྷ་རྟ་གཙུག་རྒྱན་ཟེར་བའི་གསར་མ་སིལ་པོ་ཞིག་ཕུལ་ནས་དེ་མཚུངས་རབ་བྱུང་རྟེན་གྱི་འཆད་ཉན་ཉམས་བཞེས་འགྲོ་ཕན་མཛད་པའི་འཕྲིན་ལས་སྒྲུབ་དགོས་ཚུལ་ཕེབས་པར་ཆོས་སྐྱོང་ཆེན་པོ་དགོངས་པ་ཅུང་མ་ཁེངས་པར་གཡའ་ས་དཀར་པོའི་རུས་པ་འདི་མ་ཆད་ཙམ་ཞིག་བྱེད་ན་རིགས་གསུམ་མགོན་པོའི་རྣམ་འཕྲུལ་གྱི་དགེ་བཤེས་གཞོན་པ་རང་བསམ་པ་རྒྱ་ཆེ་དགོས་པ་ཡོད་དོ་ཞེས་ཞུ་བ་ཕུལ། དེ་ནས་རྗེ་འདི་ཆོས་སྐྱོང་ཆེན་པོས་རྡོ་སྐས་ཀྱི་མགོར་ཕེབས་སྐྱེལ་ཞུས་ནས་དགེ་བཤེས་ཀྱི་རིང་ལ་ས་དཀར་པོའི་མདངས་ཐོན་པའི་ཕྱིར་ཟབ་ཡངས་མཐིལ་གྱི་ལྷ་མི་རྣམས་ཀྱིས་ལྷ་རྒྱལ་ཐང་གསུམ་བོས་གསུངས་ནས་ཕྱག་གཡས་ཀྱི་རལ་གྲི་ནམ་མཁའ་ལ་འཕྱར་ཐེངས་གསུམ་མཛད་པ་དང་བསྟུན་དེར་ཚོགས་སེར་སྐྱ་མི་ཁྲོམ་དམར་ནག་གིས་ལྷ་རྒྱལ་འུར་