R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༤༣
[A:༣༤༣]ཕྲག་ལོངས་པར་བསྙེན་བཀུར་གྲལ་འགྱེད་དང་། སྐྱེ་བོའི་ཚོགས་མང་པོ་ལ་སྦྱིན་གཏོང་རྒྱ་ཆེན་དང་ལོ་ཟླའི་དུས་དྲན་གྱི་མཆོད་འབུལ་བཅས་བསམ་གྱིས་མི་ཁྱབ་པ་མཛད། དེ་ནས་གསན་ས་ཆེན་པོའི་གདུང་བརྒྱུད་ཉག་ཕྲ་བར་བརྟེན་གཙོ་བོར་འཇམ་མགོན་དབང་པོའི་ཞབས་ཀྱིས་དངོས་དང་བརྒྱུད་ནས་གསུང་རིང་ཐུང་སྣ་ཚོགས་པ་དང་། ལྷག་ཏུ་ཆོས་རྒྱལ་ཀརྨ་ཕུན་ཚོགས་རྣམ་རྒྱལ་ནས་ཀྱང་བསྟན་འགྲོར་དགོངས་པའི་ཞུ་ནན་ཕུར་ཚུགས་ད་ང་། ཕྱིས་ཀྱི་འབྱུང་འགྱུར་འདི་དག་མངོན་སུམ་གཟིགས་པ། ཡབ་རྗེ་རིན་པོ་ཆེས་ཞལ་ཆེམས་ལན་མང་དུ་ཡོད་པ་དང་། ཟན་གཡང་ཆོས་སྐྱོང་ཆེན་པོས་ཀྱང་དངོས་དང་བརྒྱུད་པའི་སྒོ་ནས་ས་སྐྱའི་གདུང་འཛིན་རིགས་གསུམ་མགོན་གྱི་སྐུ་གཞོན་པ་ལ་བཀའ་བབ་ཡོད་ཚུལ་ཀྱི་ལུང་བསྟན་ལན་གྲངས་དུ་མ་དང་། གདན་ས་རང་གི་གྲོས་དབང་སེར་སྐྱ་ཚང་མས་འདི་གའི་འཛིན་སྐྱོང་གནང་དགོས་པར་གསོལ་བ་ཅི་དྲག་ཏུ་བཏབ་པའི་མཐར། རྗེ་ཉིད་ནས་སྐུ་ཚེ་ཧྲིལ་པོ་རབ་བྱུང་གི་རྟེན་གྱི་འདའ་བའི་དགོངས་གཞི་དང་མཛད་སྤྱོད་གོང་དུ་བསྟན་པ་བཞིན་ཡིན་ནའང་། སྐབས་འདིར་བོད་ཁམས་སྤྱིའི་བདེ་སྐྱིད། བསྟན་པ་སྤྱི་སྒེར་གྱི་དངོས་གཞི་བླ་མ་གོང་མ་རྣམས་ཀྱི་དགོངས་བཞེད་དང་། གདན་ས་འདི་ཉིད་ནས་ལུགས་གཉིས་ཀྱི་ལྟོས་བཅས་མཐའ་དག་ཐུགས་ཀྱིས་འདོར་མ་ནུས་པར་