[A:༣༤༩]དེ་ནས་དགུང་ལོ་ཉེར་དགུ་པ་ཤིང་གླང་གི་དབྱར་ལྷ་ཁང་ཆེན་མོ་དང་། དབུ་རྩེ་སོགས་ན་བཞུགས་པའི་བཀའ་འགྱུར་རྣམས་མ་ཚང་བ་ཁ་སྐོོང་དང་། ལྷ་ཁང་མཐིལ་གྱི་ཤར་ཡེའི་ཐུགས་དམ་བཀའ་འགྱུར་དེ་རྒྱུན་འདོན་མཛད་རྒྱུར་གདོང་དང་ལྔ་བརྩེགས། སྟེང་དུ་བླ་བྲེ་སོགས་ཞབས་ཏོག་དང་། སྔར་ཕན་ལོ་རེར་བཀའ་འགྱུར་ཚར་རེ་ཀློག་པར་རྗེ་འདིའི་ཚར་གསམ་རེའི་རྒྱུན་བཙུགས། ལྷ་ཁང་ཆེན་མོའི་ཁྱམས་སྟོད་དང་ཕུར་ཁང་སོགས་ལ་བླ་བྲེ་དང་། ལམ་འབྲས་བླ་བརྒྱུད་ཀྱིས་བྲིས་ཐང་ཆེན་མོ། སྤེན་བད་ལ་རླུང་དྲིལ་བརྒྱ་ཕྲག་ཉེ་བ་གསར་ལུགས་ཀྱིས་སྒྲོན་པ་སོགས་གནང་། དེ་ལོ་འདར་གྲང་མོ་ཆེ་ནས་རྗེ་བཙུན་དབང་ཕྱུག་རབ་བརྟན་སྤྱན་དྲངས་ནས་དམར་པོ་སྐོར་གསུམ་སོགས་གསེར་ཆོས་གཙོ་བོར་གྱུར་པའི་བཞེད་ཆོས་དུ་མ་དང་། ཁྱད་པར་ཞལ་གྱི་མན་ངག་ཧ་ལ་ནག་པོའི་བེ་བུམ་ཞེས་པ་རྗེ་དེས་སྔར་སུ་ལའང་གནང་མ་ཕོད་པའི་སྙིང་ནང་གི་ཁྲག་ལྟ་བུའི་གདམས་པ་ཟབ་མོ་ཡོངས་རྫོགས་འབུལ་བར་མཛད་དེ། ཆོས་བདག་ལ་འཕྲོད་གསུངས་པ་སོགས་དགྱེས་སྤྲོའི་གསུང་དང་བཅས་སྩལ།
དགུང་ལོ་སུམ་ཅུར་ཕེབས་པ་མེ་སྟག་ལོར་ཆོས་སྡེ་ལྷོ་བྱང་གི་དགེ་བཤེས་ཆེད་བཏུས་བརྒྱ་ཕྲག་ལོངས་པར་མཁའ་སྤྱོད་མའི་ སྡྷིུན་རའི ་དཀྱིལ་འཁོར་ལ་བརྟེན་པའི་བྱིན་རླབས་སྔོན་དུ་འགྲོ་བས་ནཱ་