[A:༣༥༠]རོ་མཁའ་སྤྱོད་ཀྱི་ཚེས་བཅུའི་སྒྲུབ་མཆོད་གསར་འཛུགས་གནང་། ཟླ་བ་བརྒྱད་པར་ཕྱོགས་ཀྱི་མི་ཆེན་དོན་གཉེར་དུ་མ་ལྷོ་བྱང་གི་ཆོས་སྡེར་བཅས་ལ་རྡོ་རྗེ་ཕུར་པའི་སྟོད་ལས་ཀྱིས་དབང་དང་། ཕུར་པའི་ཡིག་སྐོར་མང་པོའི་ལུང་དང་། རྗེ་གནང་ཟུར་བཀའ་ཟབ་ཅིང་དཀོན་པ་ཉི་ཤུ་ལྷག་པ་གནང་།
དགུང་ལོ་སོ་གཅིག་པ་མེ་ཡོས་ཀྱི་ལོར་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་ཀྱི་གྲགས་པ་དེ་ཉིད་རྗེ་བཙུན་ཆེན་པོའི་སྐུུ་བརྙན་མཛེས་པོ་འོད་ཟེར་དཔལ་གྱི་དབུ་ཐོད་བཞུགས་པས་མཛེས་ཐོད་མར་གྲགས་པ་ལ་ཞབས་སྐོར་འབུམ་ཐེར་གནང་བཞེད་དང་རྗེ་འདི་ཉིད་འཇལ་བཞེད་ཀྱིས་གདན་སར་ཕེབས་པར་མཇལ་མ་ཐག་ནས་ཐུགས་སྤྲོ་སྣང་ཤིན་པས་སྔར་ཕན་ཡོངས་འཛིན་གཞན་ལས་མ་གསན་པའི་ཆོས་འཕྲོ་རྣམས་གནང་དགོས་ཚུལ་མཛད་པ་ལྟར། མཁན་ཆེན་དེ་ཉིད་ནས་ཀྱང་ཆོས་བཀའ་འབུལ་བར་དགྱེས་སྤྲོའི་གསུང་བཅས་ཐོག་མར་ཞབས་སྐོར་གྲངས་སོགས་མཛད་དེ་བཀའ་ཆོས་དཔག་ཏུ་མེད་པ་ཞིག་སྩལ་ནས་ཕེབས། སླར་ཟླ་བ་བཞི་པའི་ནང་གདན་དྲངས་ཏེ་སྔར་གྱི་ཆོས་འཕྲོ་མཐའ་ཡས་པ་ཞིག་གསན། རྗེ་ཉིད་ཀྱང་མཁན་ཆེན་དེ་ཉིད་ཀྱིས་གཙོས་གཞིས་བྱེས་མང་བར་ཟབ་ཆོས་དུ་མ་ཞིག་སྩལ།
དེ་རྗེས་ཕུར་སྒྲུབ་གྲོལ་ནས་མི་དབང་བསྟན་སྐྱོང་དབང་པོས་