[A:༣༥༤]མངོན།
དགུང་ལོ་སོ་བཞི་པ་ལྕགས་རྟ་ལོར་ཡང་མཁན་ཆེན་ངག་དབང་ཆོས་གྲགས་ཕེབས་པར་གཤིན་རྗེ་གཤེད་དམར་པོའི་དབང་ཁྲིད་ཀྱིས་དྲངས་པའི་གཤེད་སྐོར་གྱི་སྙན་བརྒྱུད་མན་ངག་སྒྲུབ་འཕྲིན་སོགས་ཆོས་བཀའ་དཔག་མེད་གསན། དེ་སྐབས་གན་པར་བདག་པོ་མཐུ་སྟོབས་དྲུང་དཔོན་བློན་ཐུགས་འདོད་མ་ལེགས་པར་བརྟེན་ཟླ་བ་བཞི་པར་གན་པར་ཕེབས་སྟེ་དཔོན་བློན་ལྷ་གྱང་སྦྱོར་གྱི་ལུགས་གནང་ཡང་བདག་པོ་ནས་ཐུགས་འཁོན་སོར་མ་ཆུད་སྟབས་བློན་པོ་རྣམས་ཟུར་འཇོག་དང་ཕྱག་ཕྱི་སྐབས་བབས་ཞལ་བཀོད་མཛད་ཅིང་། ཕུ་དམར་ཞབས་དྲུང་དང་སྐུ་མཆེད་གཉིས་ཀར་བཀའ་ཆོས་ཀྱང་མང་དུ་སྩལ། སླར་གདན་སར་ཕེབས། ཟླ་བ་དྲུག་པར་བསམ་འགྲུབ་རྩེར་གདན་དྲངས་པ་བཞིན་ཕེབས། སྡེ་སྲིད་ཡུམ་འཁོོར་བཅས་ལ་བཀའ་ཆོས་ཅི་ཡང་སྩལ། རྩེ་གདོང་ཁྲི་རིན་པོ་ཆེ་ཡང་དེ་ན་བཞུགས་པར་དབང་ལུང་ཁ་ཤས་གསན། དེ་སྐབས་མདའ་དཔོན་སྒོས་ལུང་པས་སྒེར་མཇལ་དང་འབུལ་བ་བཅས་བྱང་ཆུབ་བར་དུ་རྗེས་སུ་འཛིན་པར་གསོལ་བ་བཏབ། ཕྱིས་སུའང་ཁོ་རང་ལ་ན་ཚ་སྡེ་གཟར་གང་གི་སྐབས་ཀྱང་འདི་ཉིད་ལ་བློ་ཕུགས་གཏད་པའི་ཐུགས་རྗེ་བྱིན་རླབས་མངོན་གྱུར་དུ་མ་བྱུང་བར་བརྟེན་དད་གུས་གོང་འཕེལ་གྱི་ལོ་ལོ་བཞིན་འབུལ་བ་ཆར་ཆེན་