R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༥༧
[A:༣༥༧]ཉིད་སྤྱན་དྲངས་པར་དཔོན་སློབ་ལྔ་བཅུ་སྐོར་ཕེབས་པ། གཞིས་ཀ་ནས་ཕུར་པ་གྲྭ་ཚང་གི་བླ་མ་དང་། གུར་པའི་བླ་མ་སོགས་དཔོན་སློབ་ཉེར་ལྔ་ཙམ་བསྣན་པས་ཕུར་བཟློག་ཚུགས་ཏེ་གཏོར་རྫོང་ཉིན་ཟོར་གཏོར་འཕངས་པ་དང་མཉམ་དུ་བསམ་རྩེའི་ལྷོའི་རི་སྡེབས་ནས་རླུང་འཚུབ་གཅིག་ལང་སྟེ་ཇེ་ཆེར་གྱུར་ནས་ཤར་ཕྱོགས་སུ་སོང་བས་ཕྱིས་སུ་རྟགས་མཚན་བཞིན་གྱི་ཐུགས་རྗེ་མངོན་གྱུར་དུ་བྱུང་། རྩེ་གདོང་ནས་གདན་འདྲེན་འབྱོར་བ་བཞིན་ཕེབས། འཇམ་དབྱངས་བྱམས་པ་བསོད་ནམས་རྒྱལ་མཚན་དང་དཔལ་བཟང་པོ་སྐུ་མཆེད་གསུམ་དང་། ཐུབ་བསྟན་མཁན་ཆེན་ངག་དབང་བསྟན་པའི་རྡོ་རྗེ་སོགས་དཔོན་སློབ་མང་པོར་ཚེ་བཀའ་སོགས་ཆོས་དང་ཟང་ཟིང་གི་བཀའ་དྲིན་ཚད་མེད་པ་སྩལ། ཞལ་ངོ་རྣམས་ཀྱིས་ཀྱང་ཞབས་འདེགས་དང་འབུལ་བ་རྒྱ་ཆེར་མཛད། ཡར་ལམ་གསེར་མདོག་ཅན་དུ་ཕེབས། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་དངུལ་གདུང་རིན་པོ་ཆེ་སོགས་རྟེན་མཆོག་རྣམས་མཇལ། དེ་ནས་གཞིས་ཀ་རྩེར་མི་དབང་ཉིད་ཀྱིས་ཕེབས་བསུ་བཅས་བྱོན་ནམ་མཁའ་དངས་བ་ལ་འཇའ་དང་མེ་ཏོག་གི་ཆར་སོགས་ཡ་མཚན་པའི་ལྟས་ཀྱང་བྱུང་། མི་དབང་ཆེན་པོར་ཟབ་ཆོས་འགའ་ཞིག་སྩལ། རྩེ་གདོང་ཁྲི་རིན་པོ་ཆེ་ལས་ཀྱང་ལམ་སྐོར་ཕྱི་མ་བརྒྱད་ཀྱི་ཁྲིད་སོགས་ཟབ་ཅིང་