[A:༣༥༨]དཀོོན་པ་དུ་མ་གསན། སྡེ་སྲིད་ཀྱིས་ཕུར་པ་གྲྭ་ཚང་དུ་འཇོག་རྒྱུའི་གུར་མགོན་ལྕམ་དྲལ་གྱི་འཆམས་སྐུ་ཞིག་ཞལ་བཀོད་དགོས་ཚུལ་ཞུས་པ་ལྟར་ཞལ་བཞེས་གནང་། ཕོ་བྲང་ནས་ཆིབས་བསྒྱུར་ཉིན་སྡེ་སྲིད་ནས་ཕེབས་སྐྱེལ་ཞུས་པའི་བཀྲ་ཤིས་ལྷུན་པོའི་ཐང་སྟོད་དེ་ན་ཕེབས་དུས་བུད་མེད་ཅིག་གིས་ཕྱག་དབང་མ་ཐོབ་པའི་གདུང་བས་སྐད་ཆེན་པོས་ངུ་རྒྱུགས་བྱེད་པ་བྱུང་བ་དང་། སྣར་ཐང་ལ་མ་ཕེབས་བར་ནུབ་ཕྱོགས་ནས་རླུང་ཆེན་ཤིན་ཏུ་ཆེ་བ་ཕྱུག་པོ་གཞུང་ཁྲིག་གིས་ཁེངས་པ་ཞིག་བྱུང་བས། དེ་ནུབ་རྗེའི་གསུངས་ལས། ད་ནང་གི་བུད་མེད་ངུ་རྒྱུགས་བྱེད་པ་དེ་དང་། ཐལ་རླུང་བྱུང་ལུགས་དེས་ངེད་མཆོད་ཡོན་སླར་མཇལ་འཛོམས་ལེགས་ཚོགས་ཆེ་བ་ཞིག་ཇི་འདྲ་ཡོང་ངམ་གསུངས། དེ་རྗེས་གདན་སར་འཆམ་མགོན་ཞལ་བཀོད་གནང་སྐབས་ཀྱང་། འདི་སྡེ་སྲིད་རང་ནས་ཐུགས་བསམ་རྣམ་དག་གི་མཛད་སྒོར་འདུག་ཀྱང་། བསམ་འགྲུབ་རྩེར་འཁྱོལ་ཐུབ་པ་ཞིག་མ་བྱུང་དོགས་ཀ་འདུག་གསུངས་པ་སོགས་ཕྱིས་འབྱུང་སྒྲིབ་མེད་དུ་གཟིགས་པའི་བཀའ་དུ་མ་གནང་།
དེ་ལོ་གཙང་ཕྱོགས་སུ་འབྲུམ་ནད་གདུག་པ་ཅན་ཞིག་བྱུང་བས། གདན་སར་ཡང་སེར་སྐྱ་མང་པོར་འབྲུམ་ནད་ཀྱི་ཐེབས་པར་ཉེ་སྐོར་དུ་རོལ་མོའི་སྒྲ་སོགས་ཤིན་ཏུ་འཛེམ་དགོས་ཀྱིས་ཕལ་ཆེར་ཐག་ཆོད་མཚམས་སུ་དབུ་རྩེར་ཞེན་པ་བཞི་བྲལ་གྱི་ཁྲིད་གནང་