R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༦༠
[A:༣༦༠]དབྱངས་རོལ་མོ་དེ་འདྲས་སྐྱོན་མེད་པ་སྐུ་འབྲུམ་ལས་གྲོལ་བ་འདི་ངོ་མཚར་བའི་གྲུབ་རྟགས་རང་དུ་འདུག་ཟེར་བ་བྱུང་། དགུང་ལོ་ཞེ་གཅིག་པ་མེ་གླང་ལོར་གན་ས་ནས་བདག་པོ་མཐུ་སྟོབས་དྲུང་སྐུ་མཆེད་འབྲུམ་སྐྱོན་གྱིས་ཤེགས་པར་རྗེ་ཉིད་དཔོན་སློབ་རྣམས་ཤར་སྟབས་སུ་ཕེབས། རྩེ་གདོང་བདག་ཆེན་རིན་པོ་ཆེ་སོགས་བླ་མ་མང་པོར་བསྔོ་རྟེན་དང་དགོན་སྡེ་མང་པོར་མང་འགྱེད། རྗེ་ཉིད་དཔོན་སློབ་ནས་གསུང་ཆོག་བྱང་ཞུ་སོགས་སྨིན་པ་དང་། སྐུ་མཆེད་གསུམ་གར་དངུལ་གདུང་ཕལ་ཐོག་རེ་ལྷག་ཡོད་པ་གསུམ་སོགས་བཞེངས་པ་གནང་སྟེ་གདན་སར་ཕེབས། ཟླ་བ་དྲུག་པའི་ནང་མཆོད་སྦྱིན་ཆེན་མོ་གནང་བའི་དབུར་གྲུབ་མཆོག་མཐུ་སྟོབས་དབང་ཕྱུག་སྤྱན་དྲངས་ཏེ་གསུང་བསྔོ་ཞུ་རྟེན་སྒྲོལ་མའི་དངུལ་སྐུ་མདའ་ཚད་ཙམ་གྱིས་ཐོག་དྲངས་འབུལ་བ་དཔག་ཏུ་མེད་པ་མཛད། དགུང་ལོ་ཞེ་གཉིས་པ་ས་སྟག་ལོར་སྡེ་སྲིད་ནས་མཐའ་དམག་ལ་དམིགས་པའི་གཏོར་བཟློག་ཅིག་འཛུགས་དགོས་ཞུས་ངོར་ངམ་རིང་ལ་ཕེབས་པའི་ཕར་ལམ་གྲངས་མོ་ཆེར་ཚར་ཆེན་གྱི་གསེར་གདུང་སོགས་རྟེན་མཇལ་མཛད། གྲྭ་ཚང་ལ་མང་འགྱེད་གནང་། ངམ་རིང་དུ་ཆོས་སྡེར་མང་ཇ་དུ་མ་གསེར་འགྱེད་བཅས་དང་། ཚོགས་ཆེན་ལ་ཨ་ར་པ་ཙའི་རྗེས་གནང་བསྩལ། གོང་དཀར་གྲྭ་