R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༥
[A:༣༥]གསུམ་འཁྲུངས་པ་དེ་དག་གིས་མཛད་པའི་ཆ་རྣམས་ནི་སོ་སོའི་རྣམ་ཐར་དུ་བལྟའོ། ། དེ་གསུམ་གྱི་ནང་ནས་གཅུང་འཇིག་རྟེན་རྒྱ་ཧོར་པས་སྟག་ལུང་པའི་སྲས་མོ་ཁབ་ཏུ་བཞེས་པ་ལ་སྲས་གསུམ་འཁྲུངས་པ་ནི་ད་ལྟ་ཡོད་པའི་གདུང་སྲས་སྐུ་མཆེད་འདི་དག་གོ། ། དེ་དག་གིས་རྩེ་གདོང་པཻའ་གདུང་རབས་བྱོན་ཚུལ་བསྟན་ཟིན་ནས། ཞེས་གསུངས་པས་ན། འདིར་དེ་མིན་གྱི་ཁ་སྐོང་བརྗོད་པ་ལ། ཚིགས་བཅད་ཀྱི་སྒོ་ནས་མདོར་བསྟན་པ་དང། དེའི་དོན་ཅུང་ཟད་ཕྱེ་བ་གཉིས་ལས། དང་པོ་ནི་ངེད་རང་གིས་བརྩམས་པའི་ས་སྐ་སྐོར་དཔོན་པར་ཉེ་བར་མཁོ་བའི་ཡི་གེ་འགྲོ་དོན་བཟང་པོའི་གདུང་རབས་ཁ་སྐོང་ལས། འཇིག་རྟེན་རྒྱ་ཧོར་བཙུན་མོ་སྟག་ལུང་མར། སྲས་གསུམ་འཁྲུངས་པའི་གཅེན་པོ་གཞོན་ནུར་གཤེགས། བར་པ་ངག་དབང་བསོད་ནམས་རྒྱལ་མཚན་དང། ཆུང་བ་ངག་དབང་ལྷུན་གྲུབ་རྣམ་གཉིས་བྱོན། ངག་དབང་ལྷུན་གྲུབ་བཙུན་མོ་ཡོལ་གདོང་མ། ནོར་བུ་བུ་ཁྲིད་སྲས་ནི་བསྟན་འཛིན་དབང། བསོད་ནམས་འཕགས་པ་བསོད་ནམས་དབང་རྒྱལ་གཉིས། དབང་རྒྱལ་སྲས་གཉིས་ཚེ་དབང་རིག་འཛིན་དང། ངག་དབང་ནོར་བུ་རྒྱལ་མཚན་ཞེས་བྱ་སྟེ། ཕྱིས་སུ་བྱོན་པའི་རྩེ་གདོང་བླ་