R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༦༢
[A:༣༦༢]མཛད། གྲུབ་ཆེན་གྱི་ཕྱག་བཟོ་མཆོད་རྟེན་བཀྲ་ཤིས་སྒོ་མང་དང་། གྲུབ་ཆེན་ཉིད་ཀྱི་སྐུ་འདྲ་ནད་གཅོད་མར་གྲགས་པ་སོགས་རྟེན་མཆོག་རྣམས་ལ་ཕྱག་དང་ཞབས་སྐོར་སྨོན་ལམ་ཕུར་ཚུགས་སུ་གནང་། ཕག་རི་དེ་ས་ཁད་མཐོ་སྟབས་ཀྱིས་ཕལ་ཆེར་ཁ་བ་རང་འབབ་པ་སོགས་སྤྲོ་ཉམས་མེད་ཀྱང་། འདི་སྐབས་ཁ་བ་འབབ་རེས་སུ་ཇོ་མོ་ལྷ་རིར་གཏོར་བསྔོ་འཕྲིན་བཅོལ་མཛད་འཕྲལ་ཆད་པ་ཁོ་ན་བྱུང་། ཚུར་ལམ་ལ་ཕྱི། གད་ཤིང་ལུང་། གམ་པ། ལྷོག་པ་ན་རིང་སོགས་སུ་ཁྲོམ་དབང་དང་ཐུགས་རྗེ་ཆེན་པོའི་སྒོམ་ལུང་རེ་གནང་ནས་ཡིག་དྲུག་འདྲེན་པར་ཁས་ལེན་རྣམས་བཤེར་བས་དུང་ཕྱུར་བཟླ་བ་དམ་བཅའ་བྱེད་མི་ཤིན་ཏུ་མང་པོ་དང་དེ་མིན་བྱེ་བ་ཚུན་ནས་བརྒྱ་ཕྲག་ཕན་གྱི་ཁས་ལེན་པའང་མང་དུ་བྱུང་བས་ལུས་ཅན་དེ་དག་ལ་ཐར་པའི་ས་བོན་བཏབ། གདན་སར་ཕེབས་ནས་འདི་ལོ་བདེ་མཆོག་ཕོ་བྲང་ཞིག་གསོས་ཀྱི་རྟེན་དང་བརྟེན་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྟ་བུ་འདི་ཉིད་གྲུབ་པར་མཛད་དེ་གཟའ་ཚེས་ལེགས་པར་བསྟུན་རབ་གནས་རྒྱས་པར་གནང་། རྒྱལ་སྲས་མཆོག་གི་རྣམས་ཐར་ཕུལ་དུ་བྱུང་བ་བྱང་པ་རིགས་ལྡན་རྣམ་རྒྱལ་གྲགས་བཟང་པའི་སྐུ་གདུང་བཞུགས་པའི་དངུལ་གདུང་ལྷུན་སྡིངས་སུ་ཡོད་པ་ཕྱིས་སུ་ཆུད་ཟོས་ལ་ཉེ་བར་རྗེ་འདིའི་གདན་སར་སྤྱན་དྲངས་ཏེ་བླ་བྲང་ཉི་ལྡེར་མཆོད་པའི་ཡོ་བྱད་དུ་མ་དང་