R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༦༣
[A:༣༦༣]བཅས་བཞུགས་པར་མཛད། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་གདུང་བརྒྱུད་རིན་པོ་ཆེ་མཇལ་དུ་ཕེབས་པར་བཀའ་ཆོས་དུ་མ་གསན། དགུང་ལོ་ཞེ་བཞི་པ་ལྕགས་འབྲུག་ལོར་རྩེ་གདོང་བདག་ཆེན་བསོད་ནམས་ལྷུན་གྲུབ་ཡུམ་སྲས་གཉིས་ཕེབས་པར་མགོན་པོའི་དབང་ལྔ་དང་ས་ལོའི་བཀའ་འབུམ་སོགས་ཟབ་ཆོས་མང་པོ་དང་ཟང་ཟིང་གི་གནང་སྐྱེས་རྒྱ་ཆེར་བསྩལ། དགུང་ལོ་ཞེ་ལྔ་པ་ལྕགས་སྦྲུལ་ལོར་བྱང་ཕྱོགས་གུ་ཤྲི་རྒྱལ་པོའི་དམག་དཔུང་སླེབས་ཏེ་བསམ་རྩེ་ལ་སྐོར་རྒྱག་བྱས། གཞིས་ཀའི་ཉེ་སྐོར་སྟག་ལ་སོགས་ལ་འགྲུལ་པ་ཐམས་ཅད་སོགས་དམག་གིས་བརྡུང་འཕྲོག་ཚད་མེད་བྱེད་པའི་སྐབས་རྗེ་འདི་ཉིད་ཀྱིས་བོད་སོག་གི་འདུན་ཆིངས་ལ་ཕེབས་པར། སོག་པོས་ཀྱང་གཉེར་པ་གུ་ཤྲི་བླ་མ་སོགས་ཕེབས་ལམ་གྱི་ཕྱག་ཕྱི་བར་བཏང་བ་སོགས་དད་གུས་ལྷུར་བཞེས་ཆེན་པོ་བྱུང་ངོར་དུ་རེ་ཞིག་བཞུགས་ནས་གཙང་སོག་སོ་སོར་བཀའ་འདོམས་གང་མང་ཞིག་གནང་ཡང་། ཕན་ཚུན་དགོངས་དབྱིངས་མཐོ་སྟོབས་གསན་བཞེས་གདེང་ཁེལ་ཞིག་མ་གནང་བས་གདན་སར་ཕེབས། དེ་ལོ་བསྟན་འགྲོའི་ཕན་བདེར་དགོངས་སྦྱིན་གཏོང་ཆེན་པོ་གསུམ་པ་མཛད། ཆུ་རྟ་ཟླ་བ་གསུམ་པའི་ནང་ཤར་ཕྱོགས་