R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༦༤
[A:༣༦༤]སུ་ཆིབས་བཏེག མི་རྗེ་ཀ་རྨ་བསྟན་སྐྱོང་དབང་པོར་འཕྲལ་ཡུན་གྱི་བསླབ་སྟོན་ལྷུག་འདོམས་གནང་། དེ་ཉིད་ནས་ཀྱང་འཕགས་པ་རིན་པོ་ཆེའི་ཐུག་རྟེན་མགོན་པོའི་སྐུ་བརྙན་སིའུ་མ་ཐོག་ཚད་ཙམ་ད་ལྟ་རྒྱལ་པོ་ལོ་གསར་གྱི་མངའ་གསོལ་སྐབས་འགྲེམ་པ་འདི་དང་། ཐེག་ཆེན་རིན་པོ་ཆེའི་ཐུགས་དམ་མ་ཤེར་ཤིང་གི་གུར་མགོན་གྱི་སྐུ་བརྙན། རྒྱ་སྦུག་ཞིང་སྐྱོང་ལྷ་དགའ་སོགས་ཕུལ། འདི་ཕྱི་ཀུན་ཏུ་རྗེས་སུ་བཟུང་བར་གསོལ་བ་བཏབ། སོག་དམག་གིས་སྡེ་སྲིད་གཙང་པ་དབང་དུ་བསྡུས་ནས་མ་འགྱངས་པར་གོང་ས་རྡོ་རྗེ་འཆང་ལྔ་པ་ཆེན་པོ་གཞིས་རྩེར་ཆིབས་བསྒྱུར་གྱིས་རྩིས་བཞེས་མཛད་སྐབས་རྗེ་འདི་དང་ཐོག་མར་ཞལ་རྒྱས་གནང་དུས་དེ་ནས་བཟུང་གཟིགས་བསྐྱང་གི་བསྟོད་བཀུར་བསྔགས་གསུམ་ཁོ་ན་རྣམ་ཐར་དུ་ཀཱུ་ལའི་གླེགས་བམ་ཀ་པ་སོགས་གསུང་རབ་མང་པོར་གསལ་ཡོད་ཅིང་། གཞིས་རྩེའི་ཐུགས་བྲེལ་རྣམས་ཆོད་ནས་གདན་སར་ཕེབས། ཟླ་བ་བརྒྱད་པའི་ནང་ངམ་རིང་མཁན་ཆེན་ཀླུ་སྒྲུབ་དར་རྒྱས་པས་གསོལ་བ་བཏབ་པའི་ངོར་ཆོས་སྡེ་ལྷོ་བྱང་བཅས་ཚོགས་ཆེན་ལ་གསུང་ངག་རིན་པོ་ཆེ་བཀའ་དྲིན་བསྩལ། སྦྲུལ་ཟླ་ལུག་གསུམ་གྱི་ལོ་འདི་རྣམས་ལ་གདན་ས་ཕུ་མདའ་སོགས་སུའང་མི་གྲུབ་ཆེན་འགྲོ་འདུག་མང་སྐྱོན་གྱིས་ཕྲུ་མ་སྒྲུབ་སྡེའི་སྔགས་འཆང་ཆེན་པོའི་སྒྲུབ་ཆུ་གཏིང་སྐམ་བྱུང་བ། རྗེ་ཉིད་