R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༦༥
[A:༣༦༥]སྐྱེད་ལྟས་སུ་ཐུགས་དམ་བསྐང་གསོར་ཕེབས་སྐབས་ཆུ་ཤུལ་དེར་ཕྱག་ནས་མཛད་པས་སྔར་བཞིན་བབས། ལོ་འདི་གསུམ་ལ་དབུས་གཙང་དུ་མུ་གེ་ཆེན་པོ་བྱུང་བ་སེམས་ཅན་སྤྱི་མཐུན་གྱི་ལས་དབང་བཟློག་དཀར་གྱུར་ཀྱང་ཐུགས་བསྐྱེད་རྒྱ་ཆེན་པོས་གདན་སའི་གཙུག་ལག་ཁང་རྣམས་སུ་རེ་མོས་སུ་ཕེབས་ཏེ་ལུས་ཅན་སྤྱིའི་ཕན་བདེར་དམིགས་མཎྜལ་ཐུགས་སྨོན་སོགས་སྨིན་རྒྱས་དང་། མགོན་ཁང་རྣམས་སུའང་ཡུལ་ཕྱོགས་ལ་བདེ་སྐྱིད་འབྱུང་བའི་ཐུགས་སྨོན་རྟག་འགྲུས་སུ་གནང་། དགུང་ལོ་ཞེ་བདུན་པ་ཆུ་ལུག་ལོར་སྣྲོན་ཟླའི་ཉེར་གཅིག བླ་མཆོད་འབུམ་ཐང་དུ་གནང་ཉིན། ས་ཆེན་དང་རྩེ་མོའི་སྐུ་འབུམ་གཉིད་ལས་བདུད་རྩིའི་ཆུ་རྒྱུན་དངས་ལ་མང་བ་ཉིན་གཉིས་སུ་བབས་ཤིང་སྤྲེལ་ལོ་ནས་ལོ་ཡང་ཤིན་ཏུ་ལེགས། དེ་ནས་འབུམ་ཐང་ལ་ཞིག་གསོས་ཕུལ་དུ་བྱུང་བ་འདི་གནང་ནས་གདུང་རྟེན་རྣམས་ལས་སྔོན་དུས་ཁྲུས་ཆུ་འབྱུང་བ་བར་སྐབས་རྒྱུན་ཆད་ཀྱང་དེ་ནས་བཟུང་དེང་སང་ཡང་ས་ཆེན་ཡབ་སྲས་གསུམ་གྱི་སྐུ་འབུམ་ལས་ཁྲུས་ཆུ་རྒྱུན་མི་འཆད་པའི་ངོ་མཚར་འདི་བྱུང་ངོ་། །དེ་བཞིན་དུ་འཕགས་པ་རིན་པོ་ཆེའི་ཕྱི་རྟེན་གསེར་འབུམ་གྱི་གཙུག་ལག་ཁང་རྟེན་དང་བརྟེན་པ་ཉམས་གསོ་དང་མཆོད་པའི་ཡོ་བྱད་དུ་མ་འབུལ་བར་གནང་། དེ་སྐབས་སྒོ་རུམ་དུ་བདུན་ཕྲག་གཅིག་