[A:༣༦༩]མང་པོ་བཅས་ཐོན་པར་རྗེ་འདི་ཉིད་ཐུགས་རྗེའི་ཤུགས་ཀྱིས་ཆིངས་འདུམ་ལ་ཕེབས་ཏེ། ཕག་རིར་གུ་ཤྲི་རྒྱལ་པོའི་སྲས་དང་དགའ་ལྡན་པོ་བྲང་ནས་ཕྱག་མཛོད་ཆེན་མོ་མཆོད་ཡོན་ཞལ་འཛོམ་ལ་བོད་དཔུང་བསྡུ་དགོས་ཚུལ་གནང་བར། འབྲུག་པ་ནས་དང་ལེན་ཡིན་ལུགས་བྱུང་ན་བཀའ་ཕེབས་བཞིན་བྱེད་ཞུ་བ་ལས་དཔུང་བསྡུ་བཀོད་མ་གནང་བར་བརྟེན། སླར་སྤ་ཊོ་ནང་དུ་ཕེབས་ཏེ་ལྷོ་བོད་གཉིས་ཀར་ཕེབས་སྒོ་ཞིབ་གསེད་གནང་ཡང་གོ་བ་འཐེབས་པ་ཞིག་མ་བྱུང་བའི་སྐབས། བོད་དམག་རྣམས་གསང་སྟབས་སུ་བསྡུ་བར་མཛད་པས་རྟ་རྐང་མགྱོགས་བུལ་གྱི་བར་ཁྱད་རྟ་པ་ཕལ་ཆེར་སྤ་ཊོའི་སྟོང་དུ་འབྱོར་དུས། རྐང་ཐང་སྟོང་ཕྲག་ཙམ་ཡོད་པ་སྤ་ཊོའི་སྐད་པ་ཙམ་དུ་སླེབས་སྐབས་འབྲུག་དམག་གི་རྗེས་གནོན་སླེབས་ཏེ། ལྷོ་ནང་གི་མི་རྣམས་བོད་དམག་གསོད་པ་ལ་རྔམས་པས་ཐམས་ཅད་གྲོན་ཆེན་དུ་གཏོང་རྩིས་ལ། རྗེ་འདིས་ལྷོའི་དམག་དཔོན་འབྲུག་པའི་དབུ་ཆེ་ཆོས་རྗེ་ལ་སྔོན་སར་བོད་དམག་རྣམས་གཏོང་དགོས་ཚུལ་ཕེབས་པ་དེ་ཉིད་ནས་ཀྱང་བཀའ་བསྩལ་དང་ལེན་གྱིས་ད་ལམ་ཁྱོད་ཚོར་སྲོག་སྐྱོན་ལས་ཐར་བ་འདི་ས་སྐྱ་བདག་ཆེན་གྱི་བཀའ་དྲིན་ཡིན་པས་ཤེས་པར་གྱིས་ཤིག་ཟེར་ནས་བདེ་བར་བཏང་བས་བོད་དམག་རྣམས་ཀྱིས་ཀྱང་སྐུ་དྲིན་ཚད་མེད་དུ་ཤེས་པ་བྱུང་། དེ་དུས་ཉིད་ཀྱི་སྐུ་དོག་འགྱུར་བའི་རྣམ་པས་ཕྱག་མཛོད་