R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༧༠
[A:༣༧༠]ཆེན་མོ་སྐུ་མ་འཚོ་བར་རྗེ་ཉིད་ནས་འཕོ་བ་གསོལ་འདེབས་གསུང་ཆོག་བྱང་བཞུ་སྨིན་པ་གནང་བ་ནས་བཟུང་། ཕྱིས་སུ་གདན་སར་ཕེབས་ནས་པུར་བཞུ་གྲུབ་མཚམས་རྗེ་ཉིད་ཀྱིས་རུས་ཆོག་བཅས་ཕྱག་ཚ་གནང་ནས་ཁང་བརྩེགས་སུ་བཞུགས་པ་དང་། རེ་ཞིག་གི་བར་དུ་གྲོང་དུས་ཀྱི་དགེ་རྩ་ཆོ་ག་སྨོན་ལམ་བསྟར་ཆགས་དང་། གཞན་ཡང་ཀུན་རིག་ཆོ་ག་སྟོང་ཚར། བདེ་ཅན་སྨོན་ལམ་དང་བཟང་སྤྱོད་འབུམ་ཐེར་སོགས་རྗེ་ཉིད་ཀྱི་ཡེ་ཤེས་ཀྱི་གཟིགས་ཡུལ་དང་། གཞན་ཡང་བརྟག་པ་མངོན་ཤེས་བཅས་ནས་མཁའ་སྤྱོད་ཀྱི་གོ་འཕང་ཐོབ་སྟེ་དག་པའི་སྤྲུལ་པ་སྐྱེ་ནུས་ཀྱི་མཚན་མ་རྙེད་ཀྱི་བར་དུ་བློས་དཔག་པར་དཀའ་བའི་བསགས་སྦྱངས་བསྒྲུབས་པར་གནང་། དེ་རྗེས་ཆོས་སྡེ་ལྷོ་བྱང་སོགས་དད་འདུས་མང་བར་བདེ་གཤེགས་སྨན་བླ་མཆེད་བདུན་གྱི་རྗེས་གནང་ད་ང། མདོ་ཆོག་གི་ལྗགས་ལུང་སོགས་བཀའ་ཆོས་ཤིན་ཏུ་མང་པོ་བསྩལ། སྟོན་ཀ་ཐུགས་སྲས་འཇམ་པའི་དབྱངས་ཀྱི་གཙོས་གཞིས་བྱེས་དོན་གཉེར་སྣོད་ལྡན་མང་པོར་ཀྱཻ་རྡོར་རྒྱུད་གསུམ་གྱི་བཤད་བཀའ་དང་། སྲུང་འཁོར་བྲག་རྫོང་མའི་ཕྱི་ནང་གསང་གསུམ་གྱི་ཁྲིད་བཀའ་སོགས་ཤིན་ཏུ་གསང་བའི་སྙན་བརྒྱུད་སྐོར་དཔག་ཏུ་མེད་པའི་དབང་ཁྲིད་ལུང་བཅས་ལྷུག་བསྩལ་གནང་། གསང་ཁྲིད་ཀྱི་སྐོར་