[A:༣༧༡]སྔར་ཕན་སྣོད་ལྡན་བཅུ་ཕྲག་ལྷག་པར་མི་གནང་བའི་བཀའ་རྒྱ་ཡོད་པ་བཞིན། འདི་རས་ཀྱང་བཀའ་ཡངས་དོགས་ཀྱི་མཚན་ལྟས་གཟིགས་པའི་མནལ་ལམ་དུ་འཇམ་དགོན་བསོད་ནམས་དབང་པོ་འདི་ཉིད་སྐུ་གཟི་མདངས་འབར་བས་ཞབས་གཉིས་ཀ་རྗེ་ཉིད་ཀྱི་དབུ་ཐོག་ཏུ་བཞག་སྟེ་བརྒྱུད་པའི་བྱིན་རླབས་བཀའ་བསྒོ་སྨིན་རྒྱས་སྩལ་བ་ཞིག་བྱུང་བས་ག་ཙམ་ལ་གནང་ཡང་འཚུབ་ཆ་མེད་པར་ཐུགས་ཐག་ཆོད་ཀྱང་། སླར་ཟབ་ཆོས་ཁྲོམ་སྒྲགས་ཀྱི་རྒྱུན་འབྱམས་ཀྱིས་དགོས་པས་ལྔ་བཅུ་སྐོར་ལ་གནང་། ཟླ་བ་བཅུ་པའི་ནང་དུའང་ཐུགས་སྲས་འཇམ་པའི་དབྱངས་ཀྱི་གཙོས་གཞིས་བྱེས་སེར་སྐྱ་བརྒྱ་ཕྲག་དུ་མར་གུར་དྲག་གི་དབང་བསྐུར་བ་སྩལ།
དགུང་ལོ་ང་བཞི་པ་ལྕགས་སྟག་ལོར་ཐུགས་སྲས་རིན་པོ་ཆེས་གཙོར་མཛད་གཞིས་བྱེས་ཤིན་ཏུ་མང་པོ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ཚོགས་བཤད་ཀྱི་སྨིན་ཁྲིད་དང་། སློབ་བཤད་ལམ་སྐོར་ཕྱི་མ་བརྒྱད་ཀྱི་ལུང་ཁྲིད་རྒྱབ་ཆོས་ལུང་གི་རིགས་ཕྱག་བཞེས་རྣམ་དག་ལྟར་ལམ་སྦས་བཤད་མ་གཏོགས་སྨིན་ཅིང་རྒྱས་པ་གསང་བ་བཅུས་རྒྱས་བཏབ་དང་བཅས་ཟླ་བ་གསུམ་གྱི་བར་དུ་ཟབ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། ས་ཆེན་གྱི་སྐུ་བརྙན་གསེར་ཟངས་ཀྱིས་ཆེ་ལེགས་ཅན་གྲུབ་པར་རབ་གནས་གནང་། བཅོམ་མདའ་མཁན་པོ་དཀོན་མཆོག་འཕེལ་བ་དང་སློབ་དཔོན་