[A:༣༧༢]བྱམས་པ་རྒྱལ་མཚན་དཔོན་སློབ་རྣམས་ལ་ཀྱཻ་རྡོ་རྗེ་རྒྱུ་དབང་། ཁྲིད་ཡིག སྦས་དོན་གསལ་བ། པོད་དམར་མའི་ལྗགས་ལུང་སོགས་སྒེར་དུ་བསྩལ། གཞན་དེ་རིགས་འགྲོ་དོན་འོས་པ་འགའ་ལ་ཁྲིད་བརྒྱ་ཆ་ལག་བཅས་སོགས་གནང་།
འདི་ལོ་མདར་གྲངས་མོ་ཆེར་ཚར་ཆེན་བློ་གསལ་རྒྱ་མཚོ་དང་ཐུགས་སྲས་རྟ་ར་བ་བསོད་ནམས་ཆོས་འཕེལ་གཉིས་ཀྱི་སྐུ་གདུང་ལ་རྐྱེན་ཆེར་མེད་པར་མེ་མཆོད་བཞེས་པའི་གདུང་རུས་རྣམས་གྲངས་ཆེན་དཔོན་སློབ་རྣམས་ནས་རྗེ་འདི་ཉིད་ཀྱི་ཕྱག་ཏུ་ཕུལ་བར་རྗེ་ཉིད་ནས་ཕྱག་ཚ་གནང་སྟེ་དངུལ་གདུང་ངོ་མཚར་བ་གསར་བཞེངས་སུ་བཞུགས་ནས་རབ་གནས་ཟིན་པ་དང་ཁོང་དཔོན་སློབ་རྣམས་ཀྱིས་ཕྱིར་གདན་འདྲེན་ཞུས། དེ་གོང་སྐུ་གདུང་ལ་མེ་ཤོར་བའི་གནས་ཚུལ་སང་འབྱོར་རྒྱུའི་དེ་ནུབ་ཛཱ་གི་སྨ་ར་ཅན་རས་གོས་གྱོན་པ་ཞིག་གིས་རྒྱ་གར་གྱི་ཕུག་རོན་ཡིན་ཟེར་བ་གཉིས་བཟུང་ནས་འདི་གཉིས་བཞེས་དགོས་ཞུ་བར། ཅུང་ཟད་ཐུགས་འཛེམས་ཉམས་ཀྱིས་མ་བཞེས་པའི་བར་དེར་ཕུག་རོན་གཉིས་པོ་ཀ་བ་ལ་སྦྱར་སོང་བར་གཉིས་ཀས་ཀ་བ་ལ་འཆང་ནས་བསྡད་འདུག་པ་དང་། ཛཱ་ཀིའི་གཞོགས་ན་ནྔྷེ་གཟུགས་བོང་ཆེ་བ་ཞིག་ངོ་ནོང་ཙམ་བྱས་ནས་ཅང་མི་ཞུ་བར་འདུག་པ་ཞིག་བྱུང་བར། ཛཱ་ཀི་དེ་ཚར་ཆེན་ཡབ་སྲས་གཉིས་ལ་ཆོས་སྲུང་འཁོར་ཉམས་ཆེ་བས་སྐུ་གདུང་