R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༧༩
[A:༣༧༩]ཟླ་བ་བརྒྱད་པའི་ནང་ལྷོ་བོད་སེམས་ཅན་སྤྱི་མཐུན་གྱི་ལས་སྐལ་སྙིགས་པའི་སྐྱོན་དང་། ས་མཚམས་སུ་གནས་པའི་མི་རེ་གཉིས་ཀྱི་བྱེད་སྤྱོད་ལ་བརྟེན། དབྱིངས་ས་ནས་ཀྱང་ཐུགས་རྒྱལ་ཆེར་བཞེངས་པའི་གཙང་དབུས་ཁམས་གསུམ་ཧོར་སོག་བཅས་དམག་དཔུང་ཤིན་ཏུ་ཆེ་བར་སྤ་གྲོའི་མཐིལ་དུ་བརྫངས་པར། ཆོས་རྗེ་འབྲུག་པ་ཕྱོགས་ནས་ཀྱང་། ས་བཙན་མགོ་ཁུར་ལྟ་བུས་འགུག་ཐུབ་པ་ཞིག་མ་བྱུང་གཤིས། བོད་དམག་བྱིངས་ནས་མགྲིན་གཅིག་ཏུ་རྗེ་འདི་ཉིད་ལ་གསོལ་བ་བཏབ་ཀྱང་རེ་ཞིག་དུས་ལ་མ་བབ་པར་གཟིགས་ནའང་དམག་མི་རྣམས་དབུགས་དབྱུང་བའི་ཕྱིར་སྔོན་ལ་མི་སྣ་སྦྲེལ་པོ་ཞིག་གནང་། དེ་རྗེས་རྗེ་ཉིད་ནས་ལྷ་དང་སྲུང་མར་གསོལ་སྨོན་འཕྲིན་བཅོལ་ཕུར་ཚུགས་མཛད་པའི་སྐབས་མནལ་ལམ་ཞིག་དུ། ཉིད་ཀྱི་སྐུ་འཁོར་འགའ་ཞིག་གིས་ཁྲོལ་མ་ཆེན་པོ་བཞིའི་ནང་དུ་བྱེའུ་རད་རོད་ཤི་ལ་ཁད་མང་པོས་གང་བར་ཕུལ་བྱུང་བར། རྗེ་ཉིད་ཀྱིས་བྱིན་རླབས་མཛད་པས་ཐམས་ཅད་གསོས་ཏེ་འཕུར་སོང་བ་ཞིག་བྱུང་བས། སྐབས་དོན་གྱི་ཕྲིན་ལས་འགྲུབ་པར་ཐུགས་ཐག་ཆོད་ནས་ཟླ་བ་བཅུ་པའི་ཚེས་གསུམ་ལ་ཆིབས་བསྒྱུར། ལམ་བར་རྣམས་སུ་ཞབས་འདེགས་དང་འབུལ་བ་བསམ་གྱིས་མི་ཁྱབ་པ་བྱུང་། དད་ལྡན་དུ་མར་ཆོས་ཀྱི་སྦྱིན་པ་རེ་སྐོང་དུ་གནང་ནས། ཕག་རི་བསམ་གྲུབ་ལྷ་ཁང་དུ་