R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༨༠
[A:༣༨༠]ཕེབས། མཁན་ཆེན་བསམ་གཏན་རྒྱ་མཚོ་སྤ་གྲོའི་ལྷོ་བོད་གྱི་དམག་དཔོན་སོ་སོར་སྐྱེས་གནང་དང་ཆིངས་འདུམ་ཀྱི་བཀའ་ལུང་བཅས་རྫོང་བདའ་གནང་། ཕག་རི་ཕྱོགས་ཀྱི་སྐྱེ་བོ་མང་པོར་ཐུགས་རྗེ་ཆེན་པོ་ཚེམས་བུ་ལུགས་ཀྱི་དམར་ཁྲིད་སོགས་དབང་ལུང་འཁྲིད་རིམ་དཔག་མེད་གནང་། མ་ཎི་དུང་ཕྱུར་གྱི་ཁས་ལེན་མང་པོ་དང་། སྲོག་གཅོད་སྤང་བའི་དམ་བཅའ་སོགས་འགྲོ་བ་མང་པོའི་རྒྱུད་ལ་ཐར་པའི་ས་བོན་ཤིན་ཏུ་སྨིན་པར་མཛད། རྡོ་རྗེའི་ཆོས་སྐྱོང་རྣམས་ལ་བསྐང་གསོ་འཕར་མ་དང་། སྐབས་བབས་ཀྱི་འཕྲིན་བཅོལ་ནར་མར་གནང་བའི་སྐབས་ཤིག་མནལ་ལམ་དུ། གུར་མགོན་ཞལ་དཀྱིལ་འོད་དུ་འབར་བ་ཅན་ཞིག་དང་། པུ་ཏྲ་ཞལ་ཁྱིམ་ཟླ་བ་ལྟར་དཀར་ཞིང་སྤྱན་གསུམ་གསེར་མིག་འཁྱིལ་པ་ཞིག་གཟིགས། ཡང་ལན་ཅིག་ཞིང་སྐྱོང་བྲམ་ཟེའི་གཟུགས་ཅན་སྐུ་མདོག་སྔོན་པོ་རོལ་སྟབས་ཀྱི་བཞུགས་པ་ཞིག་གཟིགས་པ་དང་། ཡང་མནལ་ལམ་ཞིག་ཏུ་བྱ་རོག་ཤིན་ཏུ་ཆེན་པོ་ཞིག་གིས་གཅན་གཟན་སྟག་གཅིག་སྡེར་མོས་ཁྱེར་ནས་ལྕགས་མཆུ་རྣོན་པོས་འདེབས་བཞིན་པས་སྟག་དེ་ཤི་ལ་ཁད་པའི་རོའི་རྣམ་པ་དེ་སྐྱེད་ལྷས་མགོན་ཁང་གི་རྒྱབ་ཀྱི་བྲག་ལོགས་དེར་སྐྱུར་ནས་བྱ་རོག་དེ་བྱ་རོག་ཆེན་པོ་གཉིས་སུ་གྱུར་ནས་ཞབས་དྲུང་དུ་བྱུང་བར་བཤོས་ཆང་མང་པོ་ཞིག་གནང་བ་བྱུང་བ་དང་། ཡང་མནལ་ལམ་ཞིག་