R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༨༣
[A:༣༨༣]སྒར་བྱིངས་ཀྱི་མགོ་དཔོན་ནས་ཀྱང་ཆུ་གཙང་ལ་ལྗགས་ཆབ་ཞུས་རིགས་སྩལ་བས་ནད་འཕྲོ་ཆད་ཅིང་ན་བར་འཕྲལ་སོས་གྱུར་པས་ཐུགས་རྗེ་མངོན་གྱུར་བྱུང་། དེ་ནས་སྐུ་དངོས་དང་། སྐུ་ཚབ་ཀྱིས་ཧཱུྃ་རལ་ཁའི་ལྗོངས་དང་བོད་སྒར་གྱི་བར་ལ་བསྐོར་ཡང་སྣ་ཚོགས་ཞིག་མཛད་པའི་མཐར། རྗེ་ཉིད་དང་། རྩེ་གདོང་བདག་ཆེན་རིན་པོ་ཆེ་བྱམས་པ་བསོད་ནམས་ལྷུན་གྲུབ་བཅས་ཁུ་དབོན། སྐྱིད་ཤོད་ཞབས་དྲུང་། ངོར་དང་བཀྲ་ཤིས་ལྷུན་པོའི་སྐུ་ཚབ་བཅས་རྫོང་མདུན་དུ་ཕེབས་ཏེ་རྗེ་ཉིད་ནས་འབྲུག་པའི་ཁ་ལོ་བ་རྣམས་ལ། ལར་སངས་རྒྱས་ཀྱི་བསྟན་པ་དར་བ་ལ། སེམས་ཅན་ལ་བདེ་སྐྱིད་དགོས། དེ་ལ་ལྷོ་བོད་ཀྱི་མི་ཆེན་རྣམས་དགོངས་པ་མཐུན་དགོས། དེ་བྱུང་ན་ལྷོ་བོད་ལ་བདེ་སྐྱིད་འོང་བ་ཡིན་པས། ངེད་ཡོད་ཐོག་ལྷོ་ལྷོར་བདེ་བ་དང། བོད་བོད་དུ་བདེ་བ་མཐའ་གཙང་གི་གསལ་ཁ་ཞིག་མ་བྱུང་ན་བྱས་བློ་ཙམ་གྱིས་ཆིངས་འདུམ་བྱེད་དགོས་མི་འདུག་པས། དེ་ལུགས་ལྷོ་བོད་གཉིས་ཀ་ནས་དགོངས་པ་རྒྱ་བསྐྱེད་དགོས་པ་ཡིན་གསུངས་པ་སོགས་བརྗིད་ཆེ་བ་གནང་རྗེས། འབྲུག་པའི་ཁ་ལོ་པ་རྣམས་ན་རེ། དཔལ་ས་སྐྱ་པ་འཇམ་དབྱངས་མིའི་གཟུགས་ཅན་མཐོང་ཐོས་འབྲེལ་ཚད་དོན་ལྡན་ཡིན་པས་ངེད་རྣམས་བསོད་ནམས་བསགས། སྤྲེལ་མོ་ལ་ཚུན་ཆད་ཀྱི་བོད་དམག་ཀ་ཆ་དང་བཅས་པ་ངེད་རང་དབང་བཙན་པར་ཐོབ་