R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༨༢
[A:༣༨༢]ཟླ་བ་བཅུ་གཉིས་པའི་ཉེར་དྲུག་ལ་མཁན་ཆེན་ཡང་ཞབས་དྲུང་དུ་འབྱོར་བསྟུན། དགུང་ལོ་རེ་གཅིག་པ་མེ་བྱ་ཟླ་བ་དང་པོའི་ཚེསབརྒྱད་ལ་ཆིབས་བསྒྱུར་ན་རིང་རྫོང་ཆུང་དུ་ཕེབས་ནས་ཟླ་བ་གཉིས་ཉེར་བཞུགས། དེ་ཕྱོགས་སེར་སྐྱ་ཁྲོམ་ཚོགས་ལ་དབང་བཀའ་དང་། རགས་དུས་སྒེར་པ་དུ་མར་དབང་འཁྲིད་ཆོས་བཀའ་སྐལ་བ་དང་འཚམས་པར་གནང་། དེ་སྐབས་བྱང་ནས་བདག་པོ་རིན་པོ་ཆེ་ཞབས་བརྟན་འབུལ་དུ་འབྱོར་བར་གསུངས་པ་ལས། ངེད་རང་རང་ལོའི་ཐོག་ཡིན་ཀྱང་དོག་ཆ་མེད། མཁན་ཆེན་ལ་སྐུ་རྐྱེན་ཆེ་ཙམ་འདུག་གསུངས། དེ་མཚམས་སྔར་གྱི་གསུང་འཕྲོས་བཞིན། འགྲོ་བ་ཉམས་ཐག་གི་ཆེད་དུ་ནག་ཟླའི་ཚེས་བཅུ་གཉིས་ལ་ན་རིང་ནས་ཆིབས་བཏེག་སྟེ། ཕག་རིར་ཟླ་ངོ་ཙམ་བཞུགས་ནས། ལྷོ་བོད་རྫོང་སྒར་སོ་སོར་ཆིངས་འདུམ་གྱི་བསྐོར་ཡང་མཛད་ཀྱང་། སྣེ་ལེན་ཞིག་མ་བྱུང་བར་སླར་ཟླ་བ་བཞི་པའི་ནང་དཔོན་སློབ་རགས་བསྡུས་སྤ་གྲོར་ཕེབས་པས་བོད་དམག་འཛིན་ཆ་བ་རྣམས་སྲོག་རྙེད་པ་ལྟ་བུའི་དགའ་སྤྲོར་གྱུར། སྤ་གྲོའི་མཐིལ་གྱི་བོད་དམག་རྣམས་ས་དུག་དང་། ཚད་ནད་རིམས་དུ་མས་སྡུག་བསྔལ་བར་གྱུར་པའི་ཚེ། རྗེ་ཉིད་ནས་སྐུ་འཁོར་རྣམས་ལ་ནང་རེ་བཞིན་ལྗགས་ཆབ་བསྩལ་བས་ཉེས་པ་གཏན་ནས་མ་བྱུང་ཞིང་། དམག་