R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༨༦
[A:༣༨༦]དགུང་ལོ་རེ་གཉིས་པ་ས་ཁྱི་ལོར་ཡང་ཞབས་དྲུང་བཀའ་འགྱུར་བ་ཆེན་པོ་ཕེབས་པར་ཆོས་བཀའ་དུ་མ་གནང་། དེ་ཉིད་ནས་ཀྱང་རྗེ་འདི་ཉིད་ལ་ཕ་དམ་པའི་མན་ངག་ལ་བརྟེན་པའི་བརྟན་བཞུགས་ཟབ་མོ་ཞིག་ཕུལ་ཏེ་བསྟན་འགྲོའི་དོན་དུ་དགུང་ལོ་བརྒྱད་ཅུ་བཞུགས་པའི་ཞལ་བཞེས་དགོས་ཞེས་གསོལ་བ་བཏབ་པས། རང་རེ་གཉིས་བཞུགས་ན་བཞུགས་མཉམ་བྱེད་གསུངས། ལྷ་ས་ནས་རྒྱལ་པོ་མཆོད་ཡོན་གྱི་གདན་འདྲེན་པ་འབྱོར་བར་ཕེབས་ལམ་གྱི་སྐུ་རིམ་ལ་དགོངས་ཏེ་འདུས་ཚོགས་ལ་མང་འགྱེད་རྒྱ་ཆེ་བའི་ཐོག་ཏུ། ཚེ་སྒྲོལ་ཤེར་སྙིང་འབུམ་གཏེར་སོགས་གནང་། རྒྱལ་ཟླའི་ནང་ཤར་དུ་ཆིབས་བསྒྱུར་ནས་རིམ་ཕེབས་ཀྱིས་གཞིས་ཀ་རྩེར་སྡེ་བདག་ནོར་བུའི་དྲུང་གི་ཞབས་ཏོག་ཕུན་སུམ་ཚོགས་པ་བསྒྲུབས། དེ་ནས་ཀྱང་། དཔལ་འཁོར་ཆོས་སྡེ། ཡར་འབྲོག་སྣ་དཀར་རྩེ། སྐྱེད་ཚལ་འོག གོང་དཀར་ཆོས་སྡེ་སོགས་ཀྱི་བླ་དཔོན་གྲྭ་དམངས་རྣམས་ནས་ཕེབས་བསུ་བསྙེན་བཀུར་ཞབས་འདེགས་ཕུལ་བྱུང་ཁོ་ན་བསྒྲུབས། རྗེ་ཉིད་ནས་ཀྱང་རང་རང་མོས་པའི་ངོ་བཞིན་ཆོས་སྦྱིན་སྩལ། ཆུ་ཤུལ་བརྒྱུད་དུ་ལྗངས་སུ་ཕེབས་སྐབས། བུད་མེད་གཅིག་ལ་གློ་བུར་དུ་ཁོག་ཞུགས་ཅིག་བྱུང་ཏེ། ང་བསམ་ཡས་ནས་བདག་ཉིད་ཆེན་པོ་ཕེབས་བསུ་ལ་ཡོང་བ་ཡིན། ཞབས་དྲུང་དུ་སྨོན་ལམ་ཞིག་འདེབས་པར་མཐོང་ཞེས་