[A:༣༨༧]གཟིམ་ཆུང་འགག་ཏུ་ཡུས་པའི་ཚུལ་གྱིས་སླེབས་བྱུང་བར། འགག་པས་སྒོར་ནས། འཁོར་རྣམས་ཀྱི་སྙན་འབུལ་ཞུས་པར། གསུང་ལས། བསམ་ཡས་སུ་ངེད་འཕྲལ་དུ་ཡོང་རྩིས་ཡོད། ད་ལམ་ཁམས་དུབ་པས་འཕྲད་མི་ཐུབ་ཀྱིས་གསུངས་པ་བཞིན་བཀའ་བསྒྱུར་བས་དེ་མ་ཐག་རང་ཡལ་དུ་སོང་བ་དེ་ནི་སྔར་སོར་དབུས་འབྱོན་སྐབས་ཀྱི་དར་འབོག་སྐུ་མིའི་ཁོག་ཏུ་ཞུགས་ཏེ་ཁུང་བརྟོལ་མཁན་གྱི་ཆོས་སྐྱོང་གི་འཁོར་དེ་ཡིན་པར་འདུག་གསུང་། དེ་ནས་ཤུན་རྫོང་དུ་ཕེབས་ཚེ་རྒྱལ་དབང་མཆོག་མཆོད་ཡོན་ནས་དྲུང་འཁོར་སེར་སྐྱ་རགས་བསྡུས་ཀྱི་ཆིབས་སུ་བཀའ་དྲིན་བསྐྱངས་ཏེ་ལྷ་སར་ཕེབས།
ཞག་གཉིས་པའི་ཐོག་གཟའ་སྐར་ལེགས་འཛོམས་ལ་རྒྱལ་དབང་ཐམས་ཅད་མཁྱེན་པ་དབྱིངས་ས་ཕྱག་མཛོད་ཆེན་མོ་དང་བཅས་པས་མཇལ་འཕྲད་དགའ་སྟོན་གཟབ་གཤོམ་མཛད་དེ། ཐུགས་ནང་གཤིན་པའི་གསུང་གླེང་ཡང་རྒྱུན་རིང་དུ་གནང་། སོག་པོའི་རྒྱལ་པོ་རྣམས་ཀྱིས་ཀྱང་འབུལ་བ་རྒྱ་ཆེར་ཕུལ། དེ་ནས་རྗེ་ཉིད་ནས་ལྷ་སའི་ཇོ་ཤཱཀ་རྣམ་གཉིས། པོ་ཏ་ལའི་འཕགས་པ་བ་ཏི་དང་ལོ་ཀེ་ཤྭ་ར་སོགས་རྟེན་མཆོག་རྣམས་ལ་མཆོད་སྤྲིན་དང་བཅས་བསྟན་འགྲོ་སྤྱིའི་ཕན་བདེར་དགོངས་པའི་གསོལ་འདེབས་ཐུགས་སྨོན་སྨིན་རྒྱས་སུ་གནང་། ཕྱོགས་འདུས་ཀྱི་ས་འབྲུག་རྙིང་ལུགས་བླ་ཆེན་མང་པོདང་། སྣ་དཀར་རྩེའི་སྡེ་སྲིད་སོགས་སེར་